ཀྲོང་ཡན་གྱིས་ཉིང་ཁྲི་གྲོང་ཁྱེར་དུ་ལས་དོན་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-31

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་སྨན་གླིང་རྫོང་གི་ཐོན་ལས་གླིང་ཁུལ་དང་།  བཟོ་གྲྭའི་འཁོར་ཁང་།  ཞིང་ཁ།  ཞིང་ཁྱིམ་བཅས་སུ་ལེགས་ཆའི་ཐོན་ལས་གོང་འཕེལ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གནས་ཚུལ་ཐད་བརྟག་ཞིབ་གནང་ཡོད།

སྨན་གླིང་རྫོང་དུ་གནས་པའི་བོད་ལྗོངས་ཁེ་ཤིན་ཞིང་ལས་གོང་འཕེལ་ཚད་ཡོད་ཀུང་སིའི་འགན་འཁུར་བས་ངོ་སྤྲོད་བྱས་རྗེས།  ཀྲོང་ཡན་གྱིས་ཉིང་ཁྲི་གྲོང་ཁྱེར་གྱི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ལེགས་ཆ་དེ་དཔལ་འབྱོར་ལེགས་ཆར་འགྱུར་ཐུབ་པ་དང་སྣེ་འདྲེན་ཁེ་ལས་སྐྱེད་སྲིང་བྱེད་པ།  གྲགས་ཅན་སྤུས་རྟགས་གཏོད་དེ།  ཐོན་སྐྱེད་དང་འཚོ་བ།  སྐྱེ་ཁམས་བཅས་ཕན་ཚུལ་སྐུལ་འདེད་ངང་མཉམ་དུ་གོང་འཕེལ་གཏོང་བ་དང་འབྱུང་འཕྲོད་གོང་འཕེལ་གྱི་ལམ་བུ་རྒྱ་ཆེར་གཏོད་དགོས་པའི་མཛུབ་སྟོན་གནང་ཡོད།  ཀྲོང་ཡན་གྱིས་ད་དུང་ཁེ་ལས་འགན་འཁུར་བས་ཕྱུག་འགྱུར་ཕུགས་དྲན་དང་།  འོས་འགན་དང་ཁེ་ཕན་གཉིས་ཀར་ལྟ་རྟོག་བྱས་ཏེ་སྤྱི་ཚོགས་ཀྱི་འགན་འཁྲི་ཡག་པོ་སྒྲུབ་དགོས་པའི་བཀའ་མངག་གནང་ཡོད།

ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་གཡོད་ཉིང་ཐོན་ལས་གླིང་ཁུལ་གྱི་ཉིང་ཁྲིའི་གཡུས་ཀྲེ་ཤང་སྐྱེས་དངོས་ཚན་རྩལ་ཚད་ཡོད་ཀུང་སིར་ཀྲོང་ཡན་གྱིས།  ཉིང་ཁྲིའི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཐོན་ཁུངས་ལེགས་ཆར་བརྟེན་ནས་ནང་དུ་གདན་དྲངས་འདྲེན་དང་ཕྱིར་འདྲེན།  ལས་སྒྲུབ་བཅས་རྒྱུན་འཁྱོངས་བྱས་ཏེ་འབྱུང་འཕྲོད་ཐོན་ཁུངས་དེ་ཉིང་ཁྲིའི་ཚོང་འགུགས་མ་འདྲེན་གྱི་བློ་འགུགས་བྱེད་ཡུལ་དུ་འགྱུར་བ་བྱེད་དགོས་པའི་ནན་གསུངས་གནང་ཡོད།

སྨན་གླིང་རྫོང་ཕད་གྲོང་རྡལ་འཐིམས་པ་གྲོང་ཚོར་ཀྲོང་ཡན་གྱིས་གྲོང་མི་ཚེ་དབང་ནོར་བུའི་ཁྱིམ་དུ་ཕེབས་ནས་བཀའ་མོལ་གནང་བ་དང་སྦྲགས།  ཡུལ་བབ་དང་བསྟུན་ཏེ་སྐྱེ་ཁམས་དམངས་ཕྱུག་གི་ཐོན་ལས་གོང་འཕེལ་ཤུགས་ཆེ་བཏང་སྟེ།  འབྱུང་འཕྲོད་གོང་འཕེལ་ཁྲོད་ནས་མང་ཚོགས་རྒྱུན་མཐུད་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་དགོས་པའི་བཀའ་སློབ་གནང་ཡོད།

བརྟག་ཞིབ་གནང་རིང་ཀྲོང་ཡན་གྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་འཇོག་དང་།  འབྱུང་འཕྲོད་གོང་འཕེལ་དེ་ཉིང་ཁྲི་སྤུས་ལེགས་གོང་འཕེལ་ཡོང་རྒྱུར་སྐུལ་ཁྲིད་བྱེད་པའི་ལྟེ་བའི་འདུ་ཤེས་ལ་བརྩིས་ནས།  རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་གཏོད་པའི་ཁྲོད་ལས་དོན་ཏན་ཏིག་སྒྲུབ་པ་དང་།  མདུན་གྲལ་དུ་བསྐྱོད་དེ་རི་སྔོ་ཆུ་དྭངས་དེ་གསེར་དངུལ་རི་ལ་འགྱུར་བའི་ཐབས་ལམ་ཏན་ཏིག་གཏོད་དེ་དཔལ་འབྱོར་དང་།  སྐྱེ་ཁམས།  སྤྱི་ཚོགས་བཅས་ཀྱི་ཕན་འབྲས་ཆེ་ཤོས་ཐོན་པ་བྱེད་དགོས་པའི་མཛུབ་སྟོན་གནང་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]