རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལས་སྒོའི་ནུས་པ་མཐོ་རུ་ཕྱིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-08-01

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལས་སྒོའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་ཆེད།  རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་གྲ་སྒྲིག་ཨང་གསར་བྱས་ཏེ།  རང་འགུལ་ངང་ཀྲུང་གོ་ཁོར་ཡུག་ལྟ་ཞིབ་ཚད་ལེན་སྤྱི་ཁྱབ་ས་ཚིགས་དང་མཐུན་སྦྱོར་འབྲེལ་གཏུགས་བྱས་པ་བརྒྱུད།  རྒྱལ་ཁབ་རིམ་པའི་ལྟ་ཞིབ་ཚད་ལེན་ལག་རྩལ་པའི་གོ་མིང་དཔྱད་ཞིབ་ལས་དོན་སྤེལ་ཡོད།

དཔྱད་ཞིབ་བྱེད་རིང་ཀྲུང་གོ་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་སྤྱི་ཁྱབ་ས་ཚིགས་ནས།  པེ་ཅིང་དང་ཟི་ཁྲོན་སོགས་ཀྱི་རིགས་གཅིག་མཁས་པའི་ཚོགས་ཆུང་ཁོངས་མི་ལྔར་བརྙན་ལམ་སྦྲེལ་མཐུད་བྱས་ཏེ།  ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་རིག་གཞུང་རྨང་གཞི་དང་བཀོལ་སྤྱོད་ལག་རྩལ།  མ་དཔེ་དབྱེ་ཞིབ་སོགས་ནང་དོན་ཐད་དཔྱད་ཞིབ་བྱས་པ་མ་ཟད།  དཔྱད་ཞིབ་ནང་ཞུགས་མཁན་ལ་དྲི་བ་འདོན་པ་དང་མཛུབ་ཁྲིད་ཀྱང་བྱས་ཤིང་།  དཔྱད་ཞིབ་བྱས་ཚུལ་ལ་གཞིགས་ནས་ཕྱོགས་བསྡུས་མཐའ་དཔྱོད་བྱས་པས།  ལྟེ་གནས་དེའི་ལས་མི ༣༢ ལ་རྣམ་གྲངས་སྤྱི་འབོར ༦༧ དང་རྣམ་གྲངས་ཆེ་བ ༦༧༧ གྱི་རྒྱལ་ཁབ་རིམ་པའི་གོ་མིང་དཔྱད་ཞིབ་ཐུབ་ནས།  དབྱེ་ཞིབ་ཚན་ལེན་གྱི་རྒྱུན་སྲོལ་རྣམ་གྲངས་ཀྱི་ལས་དོན་པ་ཕྱོགས་ཡོངས་ལ་ཁྱབ་ཐུབ་པ་དང་།  གོ་མིང་ལྡན་པའི་ལྟེ་བའི་ལག་རྩལ་པ་ཕྱོགས་ཡོངས་ལ་ཁྱབ་ཐུབ་པ།  རྒྱུན་སྲོལ་མིན་པའི་རྣམ་གྲངས་ཐད་མི་གསུམ་ཡན་ལ་གོ་མིང་ཡོད་པ་བཅས་ཀྱི་དམིགས་ཚད་ཐོག་མར་མངོན་འགྱུར་ཐུབ་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]