རང་ལྗོངས་ཁྲལ་དོན་ཚན་པས་ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ་དང་གོང་འཕེལ་ཐད་སྒུལ་ཤུགས་ཆེན་པོ་སྦྱིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-08-01

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོའི་ལོ་སྟོད་དུ་ཁེ་ལས་ཆུང་གྲས་ཀྱི་ཐོབ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་འོག  ལྗོངས་ཡོངས་ཀྱི་ཁེ་ལས ༧༤༡༦ ལ་ཁྱོན་ཐོབ་ཁྲལ་སྒོར་དུང་ཕྱུར ༢.༡༩ ཆག་ཡང་བཏང་ཡོད་པ་དང་།  ཁེ་ལས་རེར་ཆ་སྙོམས་ཐོབ་ཁྲལ་ཆག་ཡང་གཏོང་ཚད་སྒོར ༢༩༥༠༠ ཟིན་ཏེ་ཁེ་ལས་ཚང་མར་སྲིད་ཇུས་དེ་ལོངས་སྤྱོད་ཐུབ་སྟེ།  ཁེ་ལས་ཀྱི་ཁུར་པོ་མངོན་གསལ་དོད་པོས་ཡང་དུ་ཕྱིན་པ་དང་སྲིད་ཇུས་ཀྱི་ཕན་འབྲས་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད།

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུད་ཀྱིས་ཡོངས་བསྒྲགས་བྱས་པའི་སྤྱི་བསྒྲགས་ལ་གཞིགས་ན།  ད་ལོའི་སྤྱི་ཟླ་ལྔ་པའི་ཚེས་གཅིག་ཉིན་ནས་བཟུང་།  ཁེ་ལས་ཆུང་གྲས་ཀྱིས་སྤྱི་ལོ ༢༠༢༠ ལོའི་ལྷག་འཕྲོས་རེ་ཞུའི་དུས་བཀག་ནང་གཏན་འབེབས་བཞིན་སྔོན་འཇལ་རེ་ཞུ་ཕུལ་རྗེས།  དུས་ཐེངས་དེར་འཇལ་དགོས་པའི་ཁེ་ལས་ཀྱི་ཐོབ་ཁྲལ་འཇལ་ཡུན་དེ་སྤྱི་ལོ ༢༠༢༡ ལོའི་རེ་ཞུའི་དུས་ཚོད་ཐོག་མ་བར་ནར་འགྱངས་བྱེད་ཆོག་པ་དང་།  སྒེར་གཉེར་ཚོང་དུད་ཀྱིས་སྤྱི་ལོ ༢༠༢༠ ལོའི་ལྷག་འཕྲོས་རེ་ཞུའི་དུས་ཚོད་ནང་གཏན་འབེབས་ལྟར་སྒེར་གྱི་ཐོབ་ཁྲལ་དང་གཉེར་སྐྱོང་ཐོབ་ཁྲལ་རེ་ཞུ་ཕུལ་རྗེས།  དུས་ཐེངས་དེར་འཇལ་དགོས་པའི་སྒེར་གྱི་ཐོབ་ཁྲལ་འཇལ་ཡུན་གནས་སྐབས་ནར་འགྱངས་བྱེད་ཆོག་གི་ཡོད།  
རང་ལྗོངས་ཁྲལ་དོན་ཚན་པས་ཁེ་ལས་ཆུང་གྲས་ཀྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ཐད་རྒྱུན་མཐུད་རྗེས་སྙེགས་བྱེད་རྒྱུ་དང་།  གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱེད་ཚུལ་ཐད་གཙོ་གནད་ཐོག་ལྟ་སྐུལ་བྱེད་རྒྱུ་མ་ཟད།  ཁྲལ་འབབ་དྲིལ་བསྒྲགས་ཟུར་ཁྲིད་ལས་དོན་ཡང་ཡག་པོ་སྒྲུབ་སྟེ།  སྲིད་ཇུས་དང་ཞབས་ཞུའི་བྱ་ཐབས་བཟང་པོ་དོན་འཁྱོལ་གནད་འཕིགས་ཡོང་བ་བྱས་ནས།  ཁེ་ལས་ཆུང་གྲས་ལ་ཕན་ཐོགས་པ་བྱས་ཏེ་ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ་དང་གོང་འཕེལ་ཐད་སྒུལ་ཤུགས་ཆེན་པོ་སྣོན་ཐུབ་པ་བྱ་རྒྱུ་རེད།།  

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]