ཉིང་ཁྲིས་ཐབས་མང་མཉམ་བཟུང་ངང་ལས་ཞུགས་དང་ལས་ཞུགས་བསྐྱར་མའི་ལས་དོན་ལ་སྐུལ་འདེད་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོ་ཉིང་ཁྲི་གྲོང་ཁྱེར་གྱིས་ཐབས་མང་མཉམ་བཟུང་ངང་ལས་ཞུགས་དང་ལས་ཞུགས་བསྐྱར་མའི་ལས་དོན་སྤེལ་བས་སྤྱི་ཟླ་དང་པོ་ནས་བདུན་པའི་བར།  གྲོང་ཁྱེར་དང་གྲོང་རྡལ་དུ་གསར་དུ་ལས་ཞུགས་ཐུབ་མཁན ༣༩༥༣ བྱུང་ནས་དམིགས་ཚད་ལས་འགན་གྱི་བརྒྱ་ཆ ༨༧ ལེགས་གྲུབ་ཐུབ་པ་དང་།  ལས་ཞུགས་ལས་གནས ༥༤༨༡ གསར་སྤེལ་ཐུབ་ནས་དམིགས་ཚད་ལས་འགན་གྱི་བརྒྱ་ཆ ༡༠༩.༦༢ ལེགས་གྲུབ་བྱུང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  ཉིང་ཁྲི་གྲོང་ཁྱེར་གྱིས་ལས་གནས་གསར་སྤེལ་བྱེད་རྒྱུའི་ཐད་ཁྲོན་བོད་ལྕགས་ལམ་དང་ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་རྣམ་གྲངས་ཁྲོད་ལས་ཞུགས་ལས་གནས ༡༡༥༥ གསར་སྤེལ་བྱས་ཡོད་པ་དང་།  སྔོ་ཚལ་དང་ལྡུམ་རའི་འདེབས་བཙུགས་ཀྱི་སྤྱོད་གོ་ཆོད་པའི་ལག་རྩལ་དང་ཨར་སྐྲུན།  ཡུལ་སྐོར་ཞབས་ཞུ་སོགས་ཀྱི་སྦྱོང་བརྡར་ཐེངས ༡༢༡ སྤེལ་ནས་མི ༨༩༩༥ ལ་སྦྱོང་བརྡར་སྤྲད་པས།  ཞིང་འབྲོག་མང་ཚོགས ༣༣༠༠༠ ལྷག་ཙམ་སྤོ་འགྱུར་ལས་ཞུགས་ཐུབ་ནས་ཡོང་འབབ་སྒོར ༣༠༢༨༥ བྱུང་སྟེ་དམིགས་ཚད་ལས་འགན་གྱི་བརྒྱ་ཆ ༡༠༠ ལེགས་གྲུབ་བྱུང་ཡོད།

དེ་དང་ཆབས་ཅིག  ད་ལོའི་སྤྱི་ཟླ་དང་པོ་ནས་བདུན་པའི་བར་ལྗོངས་ཡོངས་ནས་ཉིང་ཁྲི་གྲོང་ཁྱེར་གྱིས་སྔ་ཤོས་སུ་ཞིང་འབྲོག་མང་ཚོགས་སྤོ་འགྱུར་ལས་ཞུགས་རྟེན་གཞི ༥༥ ཡི་སྒོ་བྱང་འགེལ་བའི་ལས་དོན་ལེགས་གྲུབ་བྱས་པ་མ་ཟད།  གཉེར་སྐྱོང་ཅུང་ལེགས་པ་དང་གཞི་ཁྱོན་ཅུང་ཆེ་བའི་སྤོ་འགྱུར་ལས་ཞུགས་རྟེན་གཞི ༥ རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་པའི་སྤོ་འགྱུར་ལས་ཞུགས་རྟེན་གཞིར་འོས་སྦྱོར་གཏན་འཁེལ་བྱས་པ་དང་།  ཞིང་འབྲོག་མང་ཚོགས ༡༤༠༠༡ སྒྲིག་འཛུགས་ཡོད་པའི་སྒོ་ནས་སྤོ་འགྱུར་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།

གཞན་ཡང་།  ཉིང་ཁྲི་གྲོང་ཁྱེར་གྱིས་མཉམ་སྦྲེལ་དྲ་རྒྱ་དང་ལས་ཞུགས་ཟུང་དུ་འབྲེལ་བའི་ཞབས་ཞུ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་།  མི་བེད་སྤྱོད་ཚན་པ་སྒྲིག་འཛུགས་བྱས་ནས་དྲ་ཐོག་དང་དྲ་རྒྱའི་གདན་ཞུ་བྱས་ཏེ་མི་དང་ལས་གནས་འཚམས་མཐུན་ཡོང་བ་དང་ལས་ཞུགས་གན་རྒྱ་བདེ་བླག་འཇོག་རྒྱུར་སྐུལ་འདེད་བཏང་ཡོད།  ད་ལོའི་སྤྱི་ཟླ་དང་པོ་ནས་བདུན་པའི་བར་གྲོང་ཁྱེར་དེ་ཡོངས་སུ་དྲ་རྒྱའི་གདན་ཞུའི་ཞབས་ཞུ་ཐེངས ༢༣ དང་གདན་ཞུའི་སྤུས་ལེགས་བྱེད་སྒོ་ཐེངས ༡༥ གཉེར་བའི་ནང་མི་བེད་སྤྱོད་ཚན་པ ༥༦༢ ཀྱིས་ལས་གནས ༦༢༩༣ མཁོ་འདོན་བྱས་པར་ལས་ཞུགས་འདོད་མཐུན་འཇོག་མཁན ༡༦༡༧ བྱུང་ཡོད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]