བོད་ལྗོངས་སུ་ས་བབ་མཐོ་ཤོས་ཀྱི་གློག་ཤུགས་བྱང་སྐར་སྤུན་བདུན་གྱི་སྦྲེལ་ཚུཌ་བསྐྲུན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-19

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བྱང་སྐར་སྤུན་བདུན་གྱི་གྲངས་གཞི་ལེགས་གྲུབ་བྱུང་བ་དང་བསྟུན་ནས།  རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་གློག་ཤུགས་བྱང་སྐར་སྤུན་བདུན་གྱི་སྦྲེལ་ཚུགས་ནག་ཆུའི་ཆན་ཕུའུ ༡༡༠ ཟིན་པའི་གློག་སྒྱུར་ས་ཚིགས་སུ་བསྐྲུན་ནས་སྤྱོད་འགོ་ཚུགས་ཏེ།  ས་བབ་མཐོ་བའི་ས་ཁུལ་གྱི་བྱང་སྐར་སྤུན་བདུན་མ་ལག་དེ་གློག་ཤུགས་ལས་རིགས་སུ་རྒྱ་ཁྱབ་ངང་སྤྱོད་འགོ་ཚུགས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན།  རང་ལྗོངས་ནི་རྒྱལ་ཡོངས་ཀྱི་གློག་ཤུགས་བྱང་སྐར་སྤུན་བདུན་གྱི་སྦྲེལ་ཚུགས་བཀོད་སྒྲིག་བྱེད་ས་མང་ཤོས་ཀྱི་ཞིང་ཆེན་དང་།  རང་སྐྱོང་ལྗོངས།  གྲོང་ཁྱེར་བཅས་ཀྱི་གྲས་ཤིག་ཡིན་པ་དེའི་ནང་སྦྲེལ་ཚུགས་མང་ཆེ་བ་ས་བབ་མཐོ་ཚད་སྨི ༣༠༠༠ ཡན་དུ་གནས་པ་དང་།  མིག་སྔའི་བར་གློག་ཤུགས་བྱང་སྐར་སྤུན་བདུན་གྱི་སྦྲེལ་ཚུགས ༡༢ བསྐྲུན་ཟིན་པ་རེད།  འདི་ལོ་རང་ལྗོངས་ཀྱིས་གློག་ཤུགས་བྱང་སྐར་སྤུན་བདུན་གྱི་སྦྲེལ་ཚུགས ༨༥ འཛུགས་སྐྲུན་བྱ་རྒྱུ་ཡིན་པ་དང་།  དེ་དག་ཚང་མ་བསྐྲུན་རྗེས།  རང་ལྗོངས་སུ་ཁྱབ་རྒྱ་ཆེ་བའི་གློག་ཤུགས་བྱང་སྐར་སྤུན་བདུན་གྱི་གནད་སྨིན་ཞབས་ཞུའི་དྲ་བ་ཞིག་ཆགས་ནས་གློག་དྲའི་མི་མེད་གནམ་གྲུས་རང་བརྟེན་སྐོར་བཤེར་དང་།  གློག་སྒྱུར་ས་ཚིགས་ཀྱི་འཕྲུལ་མིས་སྐོར་བཤེར།  སྐུད་ལམ་མིས་བཟོས་རིག་ནུས་ཀྱི་སྐོར་བཤེར།  ས་གཤིས་གནོད་འཚེར་ལྟ་ཞིབ་ཚད་ལེན་སོགས་ཀྱི་ཁྱབ་ཁོངས་སུ་དགོས་ངེས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུ་རེད།

ཉེ་བའི་ལོ་ཤས་རིང་།  རྒྱལ་ཁབ་གློག་དྲ་ཀུང་སིས་བོད་ཀྱི་གློག་དྲ་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ་མཚོ་བོད་དང་།  ཁྲོན་བོད།  བོད་དབུས།  མངའ་རིས་བཅས་དྲ་སྦྲེལ་གྱིགློག་ཤུགས་མཁའ་ལམབཞི་སྔ་རྗེས་སུ་བསྐྲུན་པས་བོད་ཀྱི་གློག་དྲ་དེ་ཆེས་གློག་ཆེན་གྱི་གློག་དྲ་ཆེ་མོའི་དུས་རབས་གསར་པར་སླེབས་ཡོད།  དེ་དང་ཆབས་ཅིག  གློག་ཤུགས་བྱང་སྐར་སྤུན་བདུན་གྱི་རྨང་གཞིའི་འཛུགས་སྐྲུན་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་གློག་དྲ་འཁོར་སྐྱོད་ལ་སྔོན་ཐོན་གྱི་ལག་རྩལ་འགན་ལེན་བྱས་ཡོད་པ་རེད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]