ལྷོ་ཁས་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་བྱེད་པའི་ཐད་མ་དངུལ་གྱི་འགན་སྲུང་ནུས་ལྡན་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་གསེབ་དར་རྒྱས་འཐབ་ཇུས་དང་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག  མཐོར་གཏོང་ལས་གཞི་བཅུ།  འཕྲོད་བསྟེན་གྲོང་ཁྱེར་གཏོད་པའི་ལས་དོན།  གསང་སྤྱོད་གསར་བརྗེས་སོགས་གཙོ་གནད་ལས་འགན་དང་ཟུང་འབྲེལ་གཏིང་ཟབ་བྱས་ནས།  ལོ་གསུམ་རིང་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་བྱ་སྤྱོད་ལག་བསྟར་བྱས་ཏེ།  མཚོ་སྨད་རྫོང་སྒྲུབ་སྡེ་གྲོང་ཚོ་དང་སྣེ་གདོང་ཆུས་སྦྱིན་ཀླུ་སྡེ་ཁུལ།  ལྷོ་བྲག་རྫོང་ལ་རྒྱབ་གྲོང་ཚོ་སོགས་གྲོང་གསེབ་མང་པོ་ཞིག་གི་ཁོར་ཡུག་མཛེས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  ཉེ་བའི་ལོའི་ནང་ལྷོ་ཁ་གྲོང་ཁྱེར་ནས་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་བྱེད་པའི་ཐད་སྤྱད་པའི་མ་དངུལ་ལས་དམངས་འཚོའི་མ་དངུལ་གྱི་ཕྱེད་ཀ་ཟིན་ནས།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱེད་རྒྱུའི་ཐད་མ་དངུལ་གྱི་འགན་སྲུང་ནུས་ལྡན་བྱུང་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]