ལྷ་ས་འགག་སྒོའི་ཁོངས་གཏོགས་སྐྱིད་གྲོང་འགག་སྒོའི་ལྐོག་འདྲེན་འཛིན་བཟུང་ཡན་ལག་ཅུས་ཀྱི་སྒོ་བྱང་བཀལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་།  ལྷ་ས་འགག་སྒོའི་ཁོངས་གཏོགས་སྐྱིད་གྲོང་འགག་སྒོའི་ལྐོག་འདྲེན་འཛིན་བཟུང་ཡན་ལག་ཅུས་ཀྱི་སྒོ་བྱང་བཀལ་བ་རེད།  དེང་སྐབས་སྐྱིད་གྲོང་འགག་སྒོས་རང་ལྗོངས་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་པའི་ལས་སྒོ་མང་ཆེ་བ་གཉེར་གྱི་ཡོད་པ་དང་།  ལྷ་ས་འགག་སྒོའི་ཁོངས་གཏོགས་སྐྱིད་གྲོང་འགག་སྒོའི་ལྐོག་འདྲེན་འཛིན་བཟུང་ཡན་ལག་ཅུས་བཙུགས་པ་དེའི་ཐོག་ནས།  ལྷ་ས་འགག་སྒོས་ལྐོག་འདྲེན་ལ་རྡུང་རྡེག་གཏོང་བའི་སྟོབས་ཤུགས་དང་སྔོག་བཤེར་འཛིན་བཟུང་གི་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་དང་།  ལྐོག་འདྲེན་འཛིན་བཟུང་དཔུང་ཁག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་མཚོན་གྱི་ཡོད་ལ།  བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་ཀྱང་ཡིན་པས།  བོད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དང་།  མཐའ་སྲུང་དང་མཐའ་མཚམས་བདེ་འཇགས་སྔར་བས་སྲ་བརྟན་དུ་གཏོང་རྒྱུར་ཕན་པ་སྐྲུན་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]