ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ༦༠འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལྷ་སར་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༢ ཉིན།  ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་ངོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལྷ་སར་གཟབ་རྒྱས་ངང་འཚོགས་པ་དང་།  རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཏང་ཙུའི་ཁོངས་མི། རྩ་འཛུགས་པུའི་པུའུ་ཀྲང་ཀྲའོ་ཝུན་གྱིས་ཚོགས་ཆེན་དུ་ཕེབས་ནས་མཛུབ་ཁྲིད་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། 
ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའི་པུའུ་ཀྲང་གྲེན་ཡུང་ཇིས་ཚོགས་ཆེན་དུ་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་རེད།  གྲེན་ཡུང་ཇིས་ལོ་ངོ་དྲུག་ཅུའི་རིང་ལྗོངས་ཡོངས་མི་རིགས་ཁག་གི་བུད་མེད་ཚོས་ལོ་རྒྱུས་ཀྱི་དུས་མཚམས་ཁག་ཏུ་བྱས་རྗེས་བཞག་ནས།  བུད་མེད་ཀྱི་བྱ་གཞག་གོང་འཕེལ་གྱི་ལོ་རྒྱུས་རླབས་པོ་ཆེ་བརྩམས་ཡོད་ཅེས་གསུངས་པ་དང་སྦྲགས།  ལྗོངས་ཡོངས་ཀྱི་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ནས་བུད་མེད་ཚོ་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ལེགས་གོང་འཕེལ་གྱི་རླབས་ཆེའི་ལག་ལེན་ནང་ཧུར་ཐག་ཞུགས་རྒྱུར་མཐུན་སྒྲིལ་སྣེ་ཁྲིད་བྱེད་དགོས་པ་དང་།  བུད་མེད་ཀྱི་ལས་ཀར་ཞབས་ཞུ་སྒྲུབ་པའི་ལས་དོན་ཡག་པོ་སྒྲུབ་སྟེ་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱེད་པའི་ཁྲོད་དུས་རབས་ཀྱི་རིན་ཐང་མངོན་པ་བྱེད་དགོས་པ།  ཐོག་མཐའ་བར་གསུམ་དུ་རང་ངོས་གསར་བརྗེ་བྱེད་ཕོད་པའི་སྒོ་ནས་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན།  མང་ཚོགས་རང་བཞིན་བཅས་ཆེ་རུ་ཏན་ཏིག་གཏོང་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།
ཀྲའོ་ཝུན་ནས་ལོ་ངོ་དྲུག་ཅུའི་ནང་བོད་ཀྱི་བུད་མེད་བྱ་གཞག་ལ་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་ལ་ཁས་ལེན་གནང་བ་དང་སྦྲགས།  ལྗོངས་ཡོངས་ཀྱི་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ནས་དཔའ་མོའི་བཟང་ནུས་གཅིག་སྒྲིལ་བྱས་ཏེ།  བུད་མེད་ཚོར་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུར་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས།  མི་རིགས་ཁག་གི་བུད་མེད་ཚོའི་ཐོབ་སྣང་དང་སྐྱིད་སྣང་།  བདེ་སྣང་བཅས་ཆེ་རུ་གཏོང་དགོས་པའི་སྐུལ་ལྕག་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]