རྒྱལ་ཡོངས་བསྡོམས་རྩིས་ཁོངས་གཏོགས་ཀྱིས་བོད་སྐྱོར་ལས་ཀར་ཤུཌ་སྣོན་བརྒྱབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-08-01

རྒྱལ་ཡོངས་བསྡོམས་རྩིས་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་གྱི་ཚོགས་འདུ་ཉིན་ཤས་གོང་ཉིང་ཁྲིར་འཚོགས་པ་དང་།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་།  རྒྱལ་ཁབ་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། རྒྱལ་ཁབ་བསྡོམས་རྩིས་ཅུད་ཏང་ཙུའི་ཧྲུའུ་ཅི། ཅུད་ཀྲང་ཉིང་ཇེ་གྲེ་རྣམ་གཉིས་ཀྱིས་གལ་ཆེའི་གསུང་བཤད་གནང་བ་རེད།
ཆེ་དགྲ་ལྷ་ནས་དུས་ཡུན་རིང་པོའི་ནང་།  རྒྱལ་ཁབ་བསྡོམས་རྩིས་ཅུད་དང་རྒྱལ་ཡོངས་བསྡོམས་རྩིས་ཁོངས་གཏོགས་ཚན་པ་ཁག་གིས་ཀྲུང་དབྱང་གི་མཛད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས།  ཁ་གཏད་བོད་སྐྱོར་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བས།  བོད་ཀྱི་བསྡོམས་རྩིས་བྱ་གཞག་གོང་འཕེལ་མྱུར་པོ་བྱུང་ཡོད།  སླད་ཕྱིན་ཡང་བོད་ཀྱི་བསྡོམས་རྩིས་བྱ་གཞག་གོང་འཕེལ་ལ་སྔར་རྒྱུན་བཞིན་དོ་ཁུར་དང་རྒྱབ་སྐྱོར་བྱེད་རྒྱུའི་རེ་བ་ཞུ་རྒྱུ་ཡིན་ལ།  ང་ཚོས་ངེས་པར་དུ་ད་རེས་ཀྱི་ཚོགས་འདུ་དེ་གོ་སྐབས་སུ་བཟུང་ནས་ལག་བསྟར་དོན་འཁྱོལ་ཐད་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་གསུངས།
ཉིང་ཇེ་གྲེ་ཡིས་ཁ་གཏད་བོད་སྐྱོར་ལས་ཀའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་སྦྲགས།  རྒྱལ་ཡོངས་བསྡོམས་རྩིས་ཁོངས་གཏོགས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་།  བོད་སྐྱོར་ལས་ཀའི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ཆེ་རུ་བཏང་ནས་དུས་རབས་གསར་པར་བོད་ལྗོངས་ཡུན་རིང་བདེ་འཁོད་དང་།  སྤུས་དག་གོང་འཕེལ་འགྲོ་རྒྱུར་ཞབས་ཞུ་སྔར་བས་ལེགས་པ་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་རེད།
གཞན་ཡང་།  ཉིང་ཇེ་གྲེ་བོད་དུ་བཞུགས་རིང་བོད་སྐྱོར་རྣམ་གྲངས་འཛུགས་སྐྲུན་དང་གཞི་རིམ་བསྡོམས་རྩིས་བརྟག་དཔྱད་ལས་དོན་སྤེལ་ཚུལ་སོགས་ཐད་རྟོག་ཞིབ་གནང་བ་རེད།།

  ༼  རྩོམ་སྒྲིག་སྟོབས་ཆེན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]