རང་ལྗོངས་ཀྱི་ལས་གཏོད་སྦྱོང་བརྡར་འཆད་ཁྲིད་པའི་འགྲན་བསྡུར་ཆེ་མོ་སྐབས་གསུམ་པ་ལྷ་སར་མཇུག་སྒྲིལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-08-02

ལས་གཏོད་སྦྱོང་བརྡར་དང་གསར་གཏོད་ཁྲིད་སྟོན་ཞེས་གཙོ་དོན་དུ་བྱས་པའི་རང་སྐྱོང་ལྗོངས་ཀྱི་ལས་གཏོད་སྦྱོང་བརྡར་གྱི་འཆད་ཁྲིད་པའི་འགྲན་བསྡུར་ཆེ་མོ་སྐབས་གསུམ་པ།  སྤྱི་ཟླ་བདུན་པའི་ཚེས ༣༠ ཉིན་ལྷ་སར་མཇུག་སྒྲིལ་བ་རེད།

ཉིན་གསུམ་གྱི་འགྲན་བསྡུར་ཁྲོད།  རང་ལྗོངས་ཀྱི་ས་ཆ་ཁག་ནས་ཡོང་བའི་སྦྱོང་བརྡར་འཆད་ཁྲིད་པ་ཚོས།  རྨང་གཞིའི་ཤེས་བྱའི་ཚོད་རྒྱུགས་དང་སློབ་ཚན་སྤུས་དག་ངོམས་སྟོན།  འཇོན་ནུས་འགྲན་བསྡུར་སོགས་ཀྱི་བརྒྱུད་རིམ་ཁག་ནང་ཞུགས་ཏེ།  འགྲན་ཞུགས་པ་ཚོའི་རིག་གཞུང་ཤེས་བྱ་ཁོང་དུ་ཆུད་ཚད་དང་སྦྱོང་བརྡར་གྱི་བཀོལ་སྤྱོད་ནུས་པ་ཕྱོགས་ཡོངས་ནས་མངོན་ཐུབ་པ་བྱས་ཡོད་ལ།  ད་ཐེངས་ཀྱི་འགྲན་བསྡུར་བྱེད་སྒོ་སྤེལ་བ་དེས་གསར་གཏོད་ལས་གཏོད་ཀྱི་ཤེས་ལྡན་པ་གསར་སྤེལ་གྱི་འཐབ་ཇུས་དང་དམ་པོར་བསྟུན་ནས།  ལག་རྩལ་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་ནུས་པ་ཆེ་རུ་གཏོང་བ།  དཔུང་ཁག་འཛུགས་སྐྱོང་བྱེད་པ་བཅས་ཀྱི་དམིགས་ཡུལ་སྒྲུབ་པ་བྱས་ནས།  ལས་གཏོད་སྦྱོང་བརྡར་རྒྱུན་མཐུད་གསར་གཏོད་གོང་འཕེལ་ཡོང་རྒྱུར་ཁྲིད་སྟོན་ཀྱང་བྱས་ཡོད།  འགྲན་བསྡུར་བརྒྱུད་མཐར་བྱ་དགའ་ཨང་དང་པོ་ཐོབ་མཁན་གཅིག་དང་།  ཨང་གཉིས་པ་ཐོབ་མཁན་གཉིས།  ཨང་གསུམ་པ་ཐོབ་མཁན་གསུམ་བཅས་བྱུང་ཡོད།། 

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]