རང་ལྗོངས་ཀྱི་ས་ཕྱོགས་གང་སར་དམག་འཛུགས་དུས་ཆེན་དགའ་གཏོང་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-08-02

དམག་དམངས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། ཉ་ཆུ་ལྟ་བུའི་དམག་དམངས་མཛའ་མཐུན་ཟབ།  ད་ལོའི་སྤྱི་ཟླ་བརྒྱད་པའི་ཚེས ༡ ཉིན་ནི་བརྒྱད་གཅིག་དམག་འཛུགས་དུས་ཆེན་ཐེངས ༩༤ པ་ཡིན་པ་དང་།  རང་ལྗོངས་ཀྱི་ས་ཆ་ཁག་ཏུ་དམག་བཀུར་ཁྱིམ་སྐྱོང་གི་བྱེད་སྒོ་སྣ་ཚོགས་སྤེལ་བ་མ་ཟད།  བོད་སྡོད་དཔོན་དམག་ཚོས་ཀྱང་རྣམ་པ་སྣ་ཚོགས་བརྒྱུད་རང་ཉིད་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུས་ཡོད།
དམག་འཛུགས་དུས་ཆེན་གྱི་སྔ་ནུབ་ཏུ་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་རྦ་ཁ་གྲོང་ཚོར།  དྲག་ཆས་ཉེན་རྟོག་བབ་བསྟུན་སྤྱི་ཁྱབ་རུ་ཁག་གཉིས་པའི་ཡན་ལག་རུ་ཁག་ཞིག་གི་སྐོར་སྐྱོད་སྨན་བཅོས་ཡན་ལག་རུ་ཆུང་གིས་གྲོང་མི་ཚོར་གཟུགས་པོ་བརྟག་དཔྱད་བྱས་པ་རེད།  རྦ་ཁ་གྲོང་ཚོ་ནི་ཡན་ལག་རུ་ཁག་དེའི་གྲོང་གསེབ་དར་རྒྱས་གཏོང་བའི་དམིགས་འཛུགས་རོགས་སྐྱོར་བྱེད་ཡུལ་ཡིན་ཞིང་།  གྲོང་མི་ཚོ་ནད་གཞིས་རྐྱེན་པས་དབུལ་ལོག་མི་ཐེབས་པ་བྱ་ཆེད་སྨན་བཅོས་རུ་ཆུང་དེས་དུས་བཀག་ལྟར་གྲོང་མི་ཚོར་འོས་འགན་སྐོར་སྐྱོད་སྨན་བཅོས་བྱེད་པ་དང་སྨན་སྤྲོད་ཀྱི་ཡོད།  དྲག་ཆས་ཉེན་རྟོག་བབ་བསྟུན་སྤྱི་ཁྱབ་རུ་ཁག་གཉིས་པའི་ཡན་ལག་རུ་ཁག་ཞིག་གི་བདེ་སྲུང་ཁོའོ་ཡི་ཁོའོ་ཀྲང་ལེའོ་ཤུས་ནས།  ང་ཚོས་གྲོང་མིའི་བདེ་ཐང་ཡིག་ཚགས་བཟོས་ཏེ།  མང་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་བྱ་བཟང་བསྒྲུབས་གང་ཐུབ་བྱེད་ཀྱི་ཡོད་ཅེས་བཤད།
དམག་འཛུགས་དུས་ཆེན་སྐབས་སུ་སྤོ་བོ་རྫོང་གི་ལས་བྱེད་མང་ཚོགས་དང་དམག་ཞབས་འཐིམས་པའི་ལས་བསྒྱུར་དམག་མི།  སྤོ་བོར་བཅའ་སྡོད་དཔུང་སྡེའི་དཔོན་དམག་བཅས་མཉམ་དུ་འཛོམས་ནས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས་གཉེར་བ་རེད།  དྲག་ཆས་ཉེན་རྟོག་དཔུང་སྡེ་ག་གེ་མོའི་ཡན་ལག་རུ་ཁག་ཞིག་གི་སློབ་སྟོན་པ་ལུའུ་ཁའེ་ཡིས།  ང་ཚོས་གཞུང་ལམ་གཉིས་ཀྱི་སྙིང་སྟོབས་རྒྱུན་འཛིན་ཡག་པོ་བྱས་ནས།  བོད་ལྗོངས་ཞི་བདེ་བརྟན་ལྷིང་དང་གྲ་རྒྱས་གོང་འཕེལ་ཡོང་བ་བྱེད་པའི་བདེ་སྐྱིད་ལམ་བུ་འཛུགས་སྐྲུན་ཡག་པོ་དང་སྲུང་སྐྱོང་ཡག་པོ་བྱེད་ངེས་ཡིན་ཞེས་བཤད།
ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གསང་སྔགས་ཆོས་གླིང་ཤང་གི་ལས་བྱེད་མང་ཚོགས་ཚོས།  ལྷོ་ཁ་ཡན་ལག་དམག་ཁུལ་ཁང་གི་མཐའ་སྲུང་མདའ་ཤོག་གཟི་བརྗིད་ཁང་དུ་བསྐྱོད་དེ་མཐའ་སྲུང་དཔོན་དམག་ཚོའི་རྒྱུན་གཏན་གྱི་འཚོ་བ་མྱོང་ཚོར་བྱས་པ་མ་ཟད།  མཐའ་སྲུང་དཔོན་དམག་ཚོར་དུས་ཆེན་གྱི་འཚམ་འདྲི་ཡང་ཞུས་པ་རེད།  ལྷུན་རྩེ་རྫོང་གསང་སྔགས་ཆོས་གླིང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཤང་ཀྲང་ལིའུ་ཞང་ཆི་ཡིས།  དེ་རིང་ང་ཚོས་མཐའ་སྲུང་དཔོན་དམག་དང་མཉམ་དུ་བརྒྱད་གཅིག་དམག་འཛུགས་དུས་ཆེན་བཏང་ནས།  ཁོང་ཚོས་ལོ་འཁོར་མོ་ཡུག་ཏུ་གངས་ལྗོངས་ས་མཐོ་བརྟན་སྲུང་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
ས་བབ་མཐོ་ཚད་སྤྱི་ཁྲེ ༤༣༠༦ ཡོད་པའི་ལྷོ་ནུབ་སོ་ལྟ་ཁང་དང་པོ་སྟེ།  རྣ་ཐོས་ལའི་སོ་ལྟ་ཁང་དུ་དཔོན་དམག་ཚོས་མཐའ་སྲུང་འཐབ་ས་དང་པོར་སྐར་ལྔའི་དར་དམར་བསྒྲེངས་ནས།  བརྒྱད་གཅིག་དམག་འཛུགས་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད།  བོད་དམག་ཁུལ་ཁང་གི་མཐའ་སྲུང་མདའ་ཤོག་ག་གེ་མོའི་བརྒྱ་ཤོག་བདུན་པའི་བརྒྱ་དཔོན་ཡོན་ཚུའེ་ཡིས།  བོད་ཀྱི་མཐའ་སྲུང་དམག་མི་ཞིག་ཡིན་པའི་ངོས་ནས་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་ཨང་གསར་བྱས་ཏེ།  མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱས་ཏེ།  དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་སྒྲུབ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་བཤད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]