ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་འགྲེམས་ཚོགས་དེ་རང་ལྗོངས་ཀྱི་ཕྱི་ཕྱོགས་སྒོ་དབྱེ་གོང་འཕེལ་བྱེད་པའི་སྟེགས་བུ་ཞིག་ཏུ་འགྱུར།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-09-20

སྤྱི་ཚེས ༡༨ ཉིན་གྱི་ཕྱི་དྲོ།  ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་བཅོ་བརྒྱད་པའི་མ་འཇོག་དང་ཚོང་འགུག་མ་འདྲེན་གྱི་གསལ་བཤད་ཚོགས་འདུ་ཁྲེང་ཏུར་སྐོང་འཚོགས་བྱས་པ་དང་།  ལྷ་ས་གྲོང་ཁྱེར་གྱི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དང་གཞིས་རྩེའི་དཔལ་འབྱོར་གསར་སྤེལ་ཁུལ་ནས།  རང་ལྗོངས་ཀྱི་མ་འཇོག་ཁོར་ཡུག་དང་རོགས་སྐྱོར་སྲིད་ཇུས།  གོང་འཕེལ་གྱི་མདུན་ལྗོངས་བཅས་ལ་དམིགས་ནས་ངོ་སྤྲོད་ཞིབ་ཕྲ་བྱེད་པ་དང་།  བོད་ཀྱི་ཐོན་ལས་གོང་འཕེལ་གྱི་གནས་ཚུལ་དང་མ་འཇོག་གོ་སྐབས་སྔར་བས་མངོན་པར་བྱས་ཏེ་ས་གནས་ས་ཐོག་ཏུ་སྐུ་མགྲོན་ཚོའི་ཁས་ལེན་གང་ལེགས་ཐོབ་ཡོད།  ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་བསྟུན་ནས།  ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅིང་ཉམས་བཟང་དང་གསོན་ཤུགས་ཀྱིས་ཁེངས་ཡོད།  རང་ལྗོངས་ཀྱི་ཕྱི་ཕྱོགས་སྒོ་དབྱེ་གོང་འཕེལ་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་པའི་ངོས་ནས།  ལྷ་ས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དང་གཞིས་རྩེ་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་མ་འཇོག་ཁེ་ལས་ལ་སྤུས་དག་གི་གོང་འཕེལ་ཁོར་ཡུག་མཁོ་འདོན་བྱས་ཏེ།  མཉམ་ལས་གཉིས་ཐོབ་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་པ་རེད།
ལྷ་ས་གྲོང་ཁྱེར་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་ཐོན་ལས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཧྲེན་ལང་ནས།  དངུལ་བུན་གྱི་སྐྱེ་ཚད་དང་ཁྲོམ་སྟོན།  ཚན་རིག་ཞིབ་འཇུག་བཅས་ཕྱོགས་ཁག་ཐད་གཟིགས་སྐྱོང་ཧ་ཅང་ཆེན་པོ་ཡོད་པས།  རིགས་ཁག་གི་ཁེ་ལས་དང་ལྷག་པར་དུ་ནང་འདྲེན་ཉོ་ཚོང་ཁེ་ལས་ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་རྟོགས་ཞིབ་དང་གོང་འཕེལ་གཏོང་བར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
གཞིས་རྩེ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཞུང་ལས་ཁང་གི་འགན་འཁུར་བ་རིན་ཆེན་རྡོ་རྗེ་ནས།  གཙོ་གནད་མཉམ་ལས་ཁྱབ་ཁོངས་ནི་གཞིས་རྩེ་གྲོང་ཁྱེར་ཇོ་རིའི་གྲོང་ཁྱེར་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས་དང་ཇོ་རིའི་མཐོ་གསར་ཐོན་ལས་ཁུལ།  ཇོ་རིའི་ཨེ་ཤི་ཡ་ལྷོ་མའི་ཟོག་འདྲེན་ཁུལ།  ཇོ་རིའི་ཚན་རྩལ་བཟོ་ལས་ལས་རིགས་བཅས་ཚང་མར་ཁེ་ལས་རེ་ལ་སྲིད་ཇུས་རེ་དང་ལས་རིགས་རེ་ལ་སྲིད་ཇུས་རེའི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་ཆོག་པ་དང་།  རོགས་སྐྱོར་གྱི་ཚད་གཞི་མཐོ་ཤོས་བརྒྱ་ཆ ༩༠ རེད་ཅེས་གསུངས་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]