ཟླ་མཆོད་དུས་ཆེན་རིང་གི་རླངས་འཁོར་འགྲེམས་སྟོན་ལྷ་སའི་སྣེའུ་ཝན་ཏཱ་ཚོང་རར་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-09-21

ནད་ཡམས་ཀྱི་ཤུགས་རྐྱེན་ངན་པ་ཆུང་དུ་བཏང་ནས་རང་ལྗོངས་ཀྱི་རླངས་འཁོར་འཛད་སྤྱོད་ཀྱི་སྤུས་རིམ་མཐོ་རུ་བཏང་སྟེ་འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་ཆེད།  སྤྱི་ཚེས ༡༩ ཉིན་གྱི་སྔ་དྲོ།  སྤྱི་ལོ ༢༠༢༡ ལོའི་ཟླ་མཆོད་དུས་ཆེན་རིང་གི་རླངས་འཁོར་འགྲེམས་སྟོན་ལྷ་སའི་སྣེའུ་ཝན་ཏཱ་ཚོང་རར་བྱས་པ་རེད།  ཐེངས་འདིའི་རླངས་འཁོར་འགྲེམས་སྟོན་ལ་བཀྲག་ཆེ་ས་མང་ཞིང་རང་རྒྱལ་ནས་བཟོས་པ་དང་མ་རྩ་མཉམ་འཇོག  ནང་འདྲེན་འཁོར་རིགས་བཅས་གང་དགོས་ཅི་དགོས་ཡོད་པ་དང༌།  ཏཱ་ཀྲུང་དང་ཅི་ལིད་སོགས་མ་རྩ་མཉམ་འཇོག་དང་རང་རྒྱལ་ནས་བཟོས་པའི་སྤུས་རྟགས་རླངས་འཁོར་སུམ་ཅུ་ལྷག་ཙམ་འགྲེམས་སྟོན་བྱས་ཡོད།
རླངས་འཁོར་ཕྱིར་འཚོང་བྱེད་མང་དུ་གཏོང་ཆེད།  འགྲེམས་སྟོན་ནང་ཞུགས་མཁན་ཚོང་དུད་ཁག་གིས་ཀྱང་ད་ལོའི་གཟིགས་སྐྱོང་སྲིད་ཇུས་ཡག་ཤོས་བཏོན་ཡོད།  ཐེངས་འདིའི་རླངས་འཁོར་འགྲེམས་སྟོན་ནི་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་མཛུབ་ཁྲིད་དང་བོད་རང་སྐྱོང་ལྗོངས་རླངས་འཁོར་འགྲོ་རྒྱུག་མཐུན་ཚོགས།  སྣེའུ་ཝན་ཏཱ་ཚོང་རས་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང༌།  བྱེད་སྒོ་དུས་ཡུན་ཉིན་གསུམ་སྤེལ་རྒྱུ་ཡིན་ཞིང༌།  དེ་རྗེས་སྤྱི་ཟླ་བཅུ་པའི་ཚེས ༡ ནས ༤ ཉིན་བར་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་རྒྱལ་སྟོན་གྱི་རྒྱལ་སྤྱིའི་རླངས་འཁོར་འགྲེམས་ཚོགས་གཉེར་རྒྱུ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]