རང་ལྗོངས་ཀྱིས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་ངལ་རྩོལ་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-09-23

ཉེ་བའི་ལོའི་ཚུན་དུ།  རང་ལྗོངས་ཀྱིས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་ངལ་རྩོལ་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་ནས་ངལ་རྩོལ་ལ་བརྩི་འཇོག་དང་དགའ་ཞེན་བྱེད་པའི་ཁོར་ཡུག་བཟང་པོ་གཏོད་དེ།  ཀུན་སྤྱོད་དང་ཤེས་རིག  ལུས་རྩལ།  ངལ་རྩོལ།  མཛེས་རྩལ་བཅས་ཕྱོགས་ཡོངས་གོང་འཕེལ་གཏོང་མཁན་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱས་ཡོད། 
རང་ལྗོངས་ཀྱིས་སློབ་རིམ་ཁག་གི་ཁྱད་ཆོས་ལ་གཞིགས་ཏེ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་ངལ་རྩོལ་སློབ་གསོའི་ངེས་སྦྱོང་སློབ་གཞི་བཀོད་སྒྲིག་བྱས་ནས།  བོད་ཀྱི་ཁྱད་ཆོས་ལྡན་པའི་ངལ་རྩོལ་སློབ་གསོའི་རྣམ་པ་འཚོལ་ཞིབ་ཧུར་ཐག་བྱས་པས་ཕྱོགས་བསྡུས་རང་བཞིན་དང༌ལག་ལེན་རང་བཞིན།  སྒོ་དབྱེའི་རང་བཞིན།  དམིགས་དཀར་རང་བཞིན་བཅས་ལྡན་པའི་ངལ་རྩོལ་སློབ་གསོའི་བསླབ་གཞིའི་མ་ལག་གཅིག་གྲུབ་ཡོད་པ་དང༌།  སློབ་གྲྭ་འབྲིང་ཆུང་ལ་གཟའ་འཁོར་རེར་ཉུང་མཐར་ཡང་མི་སྒེར་གྱི་འཚོ་བ་དང༌ཁྱིམ་ཚང་གི་ངལ་རྩོལ།  སློབ་གྲྭའི་ངལ་རྩོལ།  ཐོན་སྐྱེད་ངལ་རྩོལ་སོགས་ལ་ངལ་རྩོལ་སློབ་གསོའི་སློབ་ཚན་གཅིག་འཁྲིད་ནས།  ངལ་རྩོལ་སློབ་གསོ་དང་ཕྱོགས་བསྡུས་ལག་ལེན་བྱེད་སྒོའི་སློབ་ཚན་སོགས་གཅིག་གྱུར་འཆར་འགོད་བྱས་པ།  ལས་རིགས་སློབ་གླིང་དང་སློབ་གྲྭ་ཁག་གིས་ཆེད་ལས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཐོག་དངོས་སྦྱོང་སློབ་ཚན་གཙོ་གནད་གཞི་རྟེན་དུ་བཟུང་ནས་ངལ་རྩོལ་སློབ་གསོ་སྤེལ་བ།  སྤྱིར་བཏང་མཐོ་རིམ་སློབ་གྲྭས་ངལ་རྩོལ་སློབ་གསོའི་སློབ་ཚན་གྱི་ནང་དོན་དེ་མར་ཁེ་སི་རིང་ལུགས་ཀྱི་ངལ་རྩོལ་ལྟ་བའི་སྐོར་གྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་རྒྱུ་དང་ཟུང་འབྲེལ་དགོས་རྒྱུ་གསལ་སྟོན་བྱས་ནས།  སློབ་མའི་ལས་རིགས་གོང་འཕེལ་དང་འབྲེལ་བ་དམ་ཟབ་ཡོད་པའི་རྒྱུན་སྤྱོད་ངལ་རྩོལ་ཚན་རིག་གི་ཤེས་བྱ་ཁྱབ་གདལ་བཏང་སྟེ་དགོས་ངེས་ཀྱི་ངལ་རྩོལ་ལག་ལེན་ནང་ཞུགས་སུ་བཅུག་པ་བཅས་བྱས་ཡོད། 
དེ་དང་ཆབས་ཅིག་རང་ལྗོངས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་སྤེལ་ཏེ་སློབ་མས་ངལ་རྩོལ་གོང་བཀུར་དང༌ངལ་རྩོལ་ལ་བརྩི་འཇོག  ངལ་རྩོལ་ལ་དགའ་ཞེན་བཅས་བྱེད་པའི་འདུ་ཤེས་འཇགས་ཐུབ་པ་བྱས་པ་དང༌།  རྒྱལ་གཅེས་འཕྲོད་བསྟེན་གྱི་ཆེད་དོན་བྱ་སྤྱོད་དང་ཟུང་འབྲེལ་བྱས་ཏེ་སློབ་མའི་སློབ་གྲྭའི་ནང་གི་ངལ་རྩོལ་ཞིབ་ཐོ་བཟོ་བ།  སློབ་གྲྭའི་ནང་གཟའ་འཁོར་རེར་ངལ་རྩོལ་ལག་ལེན་བྱེད་པའི་དུས་ཚོད་ཁ་གསལ་བཟོས་ནས་སློབ་མས་རང་འགུལ་ངང་སློབ་གྲྭའི་ནང་གི་ངལ་རྩོལ་ལག་ལེན་གྱི་སྤྱི་ཆིངས་བཟོ་རྒྱུ་ཁྲིད་སྟོན་བྱས་པ།  ངལ་རྩོལ་ལག་ལེན་གྱི་སྤྲོ་སྣང་ཚོགས་ཆུང་དང༌ཚོགས་པ།  རོལ་རྩེད་ཁང་སོགས་བཙུགས་ཏེ་ངལ་རྩོལ་ལག་ལེན་བརྗོད་བྱ་གཙོ་བོར་བྱས་པའི་འཛིན་གྲྭའི་ཚོགས་པ་དང་ངལ་རྩོལ་རྩལ་ནུས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་བ།  ཤེས་དཔལ་སློབ་གྲྭ་གཏོད་པའི་བྱེད་སྒོ་སྤེལ་ནས་སློབ་གྲྭ་དང༌སློབ་ཁང༌།  ཉལ་ཁང་བཅས་ལ་ཚད་ལྡན་ཅན་དུ་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཐོག་ཤེས་དཔལ་འཛིན་གྲྭ་དང་ཤེས་དཔལ་ཉལ་ཁང་དཔྱད་འདེམས་བྱེད་སྒོ་སྤེལ་བ་སོགས་བྱས་ཡོད། 
གོམ་སྟབས་རྗེས་མར།  རང་ལྗོངས་ཀྱིས་ཚན་རིག་དང་མཐུན་པའི་ངལ་རྩོལ་སློབ་གསོའི་མ་ལག་བཙུགས་ནས་ངལ་རྩོལ་གྱི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ་དང་ངལ་རྩོལ་སློབ་གསོའི་འགན་སྲུང་འཐུས་སྒོ་ཚང་དུ་བཏང་ནས།  སྤྱི་ལོ ༢༠༢༥ ལོར་སླེབས་སྐབས་ངལ་རྩོལ་སློབ་གསོའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ།  ངལ་རྩོལ་སློབ་གསོའི་སློབ་ཚན་ཡག་པོ་འཚོག་པ།  ཆེད་བཀོད་དང་གཅིག་ལྕོག་ཟུང་འབྲེལ་གྱི་དགེ་རྒན་དཔུང་ཁག་སྟོབས་ཆེར་གཏོང་བ།  ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་ཞིབ་གདེང་འཇོག་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས།  ཁྱིམ་ཚང་དང༌སློབ་གྲྭ  སྤྱི་ཚོགས་བཅས་ཀྱིས་མཉམ་དུ་མི་སྣ་གསོ་སྐྱོང་བྱེད་པའི་ལས་ཀའི་རྣམ་པ་ཞིག་སྤྱིར་ན་ཆགས་ཐུབ་པ་བྱེད་རྒྱུ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]