རྒྱལ་ཁབ་རིམ་པའི་སྐྱེ་ཁམས་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་འབྲེལ་གཏུག་ཐོག་ཁང་ཐོག་མ་དེ་སྨར་ཁམས་རྫོང་དུ་བཙུགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-09-23

ཉེ་དུས།  རང་ལྗོངས་སུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་འབྲེལ་གཏུག་ཁང་ཐོག་མ་སྟེ།  བོད་ལྗོངས་སྨར་ཁམས་ཡུན་ནན་སྤྲེའུ་སྤུ་གསེར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་སྨར་ཁམས་རྫོང་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་འབྲེལ་གཏུག་ཁང་དངོས་སུ་བཙུགས་པ་རེད། 
ཤེས་རྟོགས་བྱུང་བར་གཞིགས་ན།  རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་འབྲེལ་གཏུག་ཁང་བཙུགས་པ་དེས།  རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་ཐེབས་རྒྱུ་དང༌།  རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྲིམས་འཛིན་སྟོབས་ཤུགས་ཆེ་རུ་འགྲོ་རྒྱུ།  སྲིད་འཛིན་ཁྲིམས་འཛིན་བྱ་སྤྱོད་སྔར་བས་ཚད་ལྡན་དུ་འགྲོ་རྒྱུ།  སྐྱེ་ཁམས་ཁོར་ཡུག་གཏོར་བཤིག་གཏོང་བའི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་ཐེབས་རྒྱུ་བཅས་ཀྱི་ཐད་ཁྲིམས་འཛིན་གྱི་འགན་ལེན་ནུས་ལྡན་ཐུབ་རྒྱུ་རེད།
སླད་ཕྱིན།  བོད་ལྗོངས་སྨར་ཁམས་ཡུན་ནན་སྤྲེའུ་སྤུ་གསེར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་སྨར་ཁམས་རྫོང་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་འབྲེལ་གཏུག་ཁང་ནས།  སྤྱི་ཕན་གྱི་བརྗོད་དོན་གཙོ་བོར་དམ་པོ་དམིགས་ཐོག་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རང་བྱུང་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་སྟེ།  གངས་ལྗོངས་ས་མཐོའི་སྲོག་ཆགས་དང་རྩི་ཤིང༌།  རི་ཀླུང༌།  གཙང་ཆུ་སོགས་ལ་སྲུང་སྐྱོང་བྱ་ཆེད་ཁྲིམས་སྐྱོང་དང་ཞིབ་དཔྱོད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]