རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་རང་ལྗོངས་ལུས་རྩལ་པས་གསེར་གྱི་རྟགས་མ་གསུམ་དང་ཟངས་ཀྱི་རྟགས་མ་གཉིས་བླངས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-09-24

སྤྱི་ཚེས ༢༤ ཉིན་ནི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་མཆོང་རྒྱུགས་འཕེན་གསུམ་རྣམ་གྲངས་ཀྱི་འགྲན་བསྡུར་ཉིན་མོ་བཞི་པ་དེ་རེད།  རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་ནས་སླར་ཡང་རང་ལྗོངས་ཀྱི་ལུས་རྩལ་པ་སྟོབས་རྒྱལ་གྱིས་སྐྱེས་པའི་སྤྱི་ཁྲི ༥༠༠༠ གི་རྒྱང་རིང་རྒྱུགས་ཤར་འགྲན་བསྡུར་ནང་ཨང་དང་པོ་ཐོབ་པའི་གཏམ་བཟང་གྲགས་ཡོད།

དེ་ཉིན་སྔ་དྲོའི་སྐྱེས་པའི་སྤྱི་ཁྲི ༥༠༠༠ གི་མཇུག་མཐའི་འགྲན་བསྡུར་ནང་ཞུགས་མཁན་ཁྱོན་ལུས་རྩལ་པ ༡༩ ཡོད་པའི་ནང་ནས།  རང་ལྗོངས་ཀྱི་ལུས་རྩལ་པ་སྟོབས་རྒྱལ་གྱིས་སྐར་མ ༡༣ དང་སྐར་ཆ ༤༩.༦ གི་ཐོག་ནས་ཨང་དང་པོ་བླངས་ཡོད།  དེ་ནི་སྤྱི་ཚེས ༢༡ ཉིན་སྐྱེས་པའི་སྤྱི་ཁྲི་ཆིག་ཁྲིའི་གསེར་གྱི་རྟགས་མ་བླངས་རྗེས།  སྟོབས་རྒྱལ་གྱིས་སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་བོད་ལྗོངས་ལུས་རྩལ་རུ་ཁག་གི་ཆེད་བླངས་པའི་གསེར་གྱི་རྟགས་མ་གཉིས་པ་དེ་ཡིན།  དེའི་བར་རང་ལྗོངས་ཀྱི་ལུས་རྩལ་འཐུས་མི་ཚོགས་པས་སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་ཁྱོན་གསེར་གྱི་རྟགས་མ་གསུམ་དང་ཟངས་ཀྱི་རྟགས་མ་གཉིས་ལེན་ཐུབ་ཡོད།། 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]