མཚོ་བོད་ས་མཐོའི་ལོ་མང་འཁྱགས་སའི་ཁུལ་གྱི་ས་ངོས་དྲོད་ཚད་མཐོ་རུ་འགྲོ་བ་སོགས་ཀྱི་སྣང་ཚུལ་ཐོན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-10-19

ནན་ཅིང་ཆ་འཕྲིན་ལས་གཞི་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀྲའོ་ལིན་གྱིས་རུ་སྣེ་ཁྲིད་པའི་ཞིབ་འཇུག་ཚོགས་པས།  བོད་བྱང་ཐང་གི་འཁྱགས་སའི་དམིགས་བསལ་ཁོར་ཡུག་དང་གནོད་འཚེའི་རྒྱལ་ཁབ་ཕྱི་རོལ་ཚན་རིག་ལྟ་ཞིབ་ཞིབ་འཇུག་ས་ཚིགས་དང་མཉམ་འབྲེལ་ཐོག  མཚོ་བོད་ས་མཐོའི་ལོ་མང་འཁྱགས་སའི་ཁུལ་གྱི་ལོ་ཉིས་ཤུ་ཙམ་གྱི་ངེས་གནས་ལྟ་ཞིབ་ཚད་ལེན་གྱི་ཕྱོགས་བསྡུས་གྲངས་གཞི་ཐོག་མར་ཉེ་དུས་ཡོངས་བསྒྲགས་བྱས་པ་མ་ཟད།  གནམ་གཤིས་འགྱུར་ལྡོག་འོག་མཚོ་བོད་ས་མཐོའི་ལོ་མང་འཁྱགས་སའི་འགྱུར་བ་གཞི་རྩའི་ཁྱད་ཆོས་ཐད་ཞིབ་བསྡུར་ཡང་བྱས་པ་རེད།

མཚོ་བོད་ས་མཐོའི་ལོ་མང་འཁྱགས་སའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་ཚོ ༡༠༦ ཡོད་པ་དེ་ནི།  གོ་ལ་ཧྲིལ་པོའི་འཕྲེད་ཐིག་བྱེད་པའི་ཏུའུ་གྲངས་དམའ་འབྲིང་ཁུལ་གྱི་ལོ་མང་འཁྱགས་ས་ཁྱབ་ཆེ་ཤོས་ཀྱི་ཁུལ་ཞིག་ཡིན།  ད་རེས་ཡོངས་བསྒྲགས་བྱས་པའི་གྲངས་གཞིའི་ནང་ལོ་མང་འཁྱགས་སའི་དྲོད་ཚད་དང་མཐུག་ཚད།  ས་རྒྱུའི་སྐྱེ་ལྡན་ཐན་རྒྱུ་སོགས་ཀྱི་ངེས་གནས་ལྟ་ཞིབ་གྲངས་གཞི་ཡོད་པ་མ་ཟད།  གནམ་གཤིས་དང་འབྲེལ་བའི་ལྟ་ཞིབ་ཚད་ལེན་གྲངས་གཞི་ཡང་ཡོད།

ཞིབ་འཇུག་ཚོགས་པའི་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན།  གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་འགྲོ་བའི་ཤུགས་རྐྱེན་འོག  མཚོ་བོད་ས་མཐོའི་ལོ་མང་འཁྱགས་སའི་ཁུལ་གྱི་ས་ངོས་དྲོད་ཚད་མཐོ་རུ་འགྲོ་བ་དང་ལོ་མང་འཁྱགས་ས་མཐུག་ཚད་སྲབ་ཏུ་འགྲོ་བ།  དུས་ཡུན་རིང་པོའི་ས་འོག་འཁྱགས་པ་རིམ་བཞིན་བཞུ་བ་སོགས་ཀྱི་སྣང་ཚུལ་ཐོན་ཡོད།། 
 
 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]