འཛམ་གླིང་ལ་བོད་ལྗོངས་འོས་སྦྱོར་བྱེད་པའི་ཕྱི་འབྲེལ་པུའི་བྱེད་སྒོ་པེ་ཅིང་དུ་གཉེར།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-10-21

སྤྱི་ཚེས ༢༠ ཉིན་གྱི་ཕྱི་དྲོ།  འཛམ་གླིང་ལ་བོད་ལྗོངས་འོས་སྦྱོར་བྱེད་པའི་ཕྱི་འབྲེལ་པུའི་བྱེད་སྒོ་པེ་ཅིང་དུ་གཉེར་བ་དང༌།  འོས་སྦྱོར་བྱེད་སྒོའི་ཐོག་སྤུས་ལེགས་འོས་སྦྱོར་པར་གཞི་བསྟན་ནས་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག  བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ ༧༠ འཁོར་བའི་རིང་གི་འཕོ་འགྱུར་ཆེན་པོ་ཕྱོགས་ཡོངས་ནས་མངོན་པར་བྱས་པ་མ་ཟད།  དུས་རབས་གསར་པའི་བོད་ལྗོངས་ཀྱི་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་རྣམ་པ་ཡང་གང་ལེགས་མངོན་པར་བྱས་ཡོད།
སྐར་མ་དགུ་ལྷག་ཙམ་གྱི་འོས་སྦྱོར་པར་གཞིའི་ནང༌།  འཛམ་གླིང་སྐྱེ་བོ་ཀུན་ལ་ཆབ་སྲིད་དང་དཔལ་འབྱོར།  རིག་གནས།  སྤྱི་ཚོགས།  སྐྱེ་ཁམས་སོགས་ཐད་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་དམངས་གཙོའི་བཅོས་བསྒྱུར་དང་རང་སྐྱོང་ལྗོངས་དབུ་བརྙེས་པ།  བསྒྱུར་བཅོས་སྒོ་དབྱེ།  དུས་རབས་གསར་པར་འབད་པས་སྐྱོད་པ་བཅས་བརྒྱུད།  དུས་ཐུང་ལོ་ངོ་ ༧༠ ཡི་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ནས་ཡངས་ཤིང་རྒྱ་ཆེ་བའི་ས་མཐོར་འཕོ་འགྱུར་ཆེན་པོ་བྱུང་ལུགས་ཕྱོགས་བསྡུས་ཐོག་ནས་ངོ་སྤྲོད་བྱས་པ་དང༌།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ཚུལ་གཏིང་ཟབ་ཐོག་ནས་མངོན་པར་བྱས་པ་མ་ཟད།  ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་འོག་བོད་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་མཐུན་སྒྲིལ་དང་ཡར་རྒྱས།  གོང་འཕེལ་བཅས་ཀྱི་འོད་ཟེར་ལྡན་པའི་ལམ་ཆེན་ཐོག་སྐྱོད་ཚུལ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]