ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་དམངས་གཙོའི་དར་ཆ་མཐོན་པོར་བསྒྲེངས་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-10-22

མི་དམངས་ཉིན་རེའི་ཚགས་པར་ཁང་གིས་ཀྲུང་དབྱང་གི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་གླེང་བའི།  ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་དམངས་གཙོའི་དར་ཆ་མཐོན་པོར་བསྒྲེངས་ཡོད་ཅེས་འགོ་བརྗོད་དུ་འཁོད་པའི་དཔྱད་གཏམ་པའི་རྩོམ་ཡིག་སྤེལ་ཡོད།
རྩོམ་ཡིག་ནང༌།  དམངས་གཙོ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་ནམ་ཡང་རྒྱུན་འཁྱོངས་བྱེད་པའི་འདུ་ཤེས་གལ་ཆེན་ཞིག་རེད།  ཀྲུང་དབྱང་གི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས།  དམངས་གཙོ་ཆབ་སྲིད་གོང་འཕེལ་གྱི་ཆོས་ཉིད་དང་རང་རྒྱལ་མི་དམངས་དམངས་གཙོའི་ལག་ལེན་སྟངས་འཛིན་ཏན་ཏིག་གནང་སྟེ།  དམངས་གཙོའི་ཐད་ཀྱི་རང་རེའི་ཏང་གི་རྩ་བའི་ལྟ་བ་དང་བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོའི་འདུ་ཤེས་གལ་ཆེན་ལ་རྒྱས་བཤད་གཏིང་ཟབ་གནང་སྐབས།  བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་རྒྱུན་མཐུད་གོང་འཕེལ་གཏོང་བ་དང་།  གསོན་ཉམས་དོད་པ་དང་བརྟན་ལྷིང་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་པའི་ནན་བཤད་གནང་ཡོད།
རྩོམ་ཡིག་ནང༌།  ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་དམངས་གཙོའི་དར་ཆ་མཐོན་པོར་བསྒྲེངས་ཏེ།  གཅིག་ནས།  མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚེ་སྲོག་ལྟ་བུ་ཡིན་པས་དམངས་གཙོ་མེད་ཚེ་སྤྱི་ཚོགས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན།  ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་བཅས་ཡོང་ཐབས་མེད་པའི་ལྟ་བ་དང༌།  གཉིས་ནས།  མི་དམངས་རང་ཁྱིམ་རང་བདག་ཡོང་བ་བྱེད་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་ཀྱི་ངོ་བོ་དང་སྲོག་ཤིང་ལྟ་བུ་ཡིན་པས།  སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་གཏོང་བར་མི་དམངས་ཀྱི་འདོད་ཚུལ་མཚོན་པ་དང་མི་དམངས་ཀྱི་ཁེ་དབང་འགན་སྲུང༌།  མི་དམངས་ཀྱི་གསར་གཏོད་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ།  སྒྲིག་གཞི་མ་ལག་ལ་བརྟེན་ནས་མི་དམངས་རང་ཁྱིམ་རང་བདག་ཡོང་བ་བྱེད་པའི་ལྟ་བ།  གསུམ་ནས།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་འཕེལ་ལམ་བུ་ནི་ཀྲུང་གོའི་རྒྱལ་འབབ་དང་འཚམས་ལ་མི་དམངས་རང་ཁྱིམ་རང་བདག་ཡོང་བ་བྱེད་པའི་ཡང་དག་ལམ་བུ་ཞིག་དང་།  ཉེ་རབས་ཚུན་དུ་ཀྲུང་གོའི་མི་དམངས་ཀྱི་ཡུན་རིང་འབད་འཐབ་ཀྱི་ལོ་རྒྱུས་དང་རིག་གཞུང༌།  ལག་ལེན་བཅས་ཀྱི་གཏན་ཚིག་གི་ལྡོག་མེད་འབྲས་བུ་ཞིག  ཏང་གི་གཞི་རྩའི་ངོ་བོ་རྒྱུན་འཁྱོངས་དང་ཏང་གི་རྩ་བའི་དམིགས་ཡུལ་ལག་ལེན་བསྟར་བའི་ལྡོག་མེད་བླང་བྱ་ཞིག་བཅས་ཡིན་པའི་ལྟ་བ།  བཞི་ནས།  མི་དམངས་ཀྱིས་འདེམས་བསྐོ་དང་བསམ་ཤོག་འཕངས་པ་བརྒྱུད་དབང་ཆ་སྤྱོད་པ་དང་མི་དམངས་ནང་ཁུལ་གྱི་ཕྱོགས་ཁག་ཐད་ཀྱི་མཛད་ཇུས་གལ་ཆེན་མ་བཏོན་གོང་གྲོས་མོལ་གང་ལེགས་བྱེད་པ་ནི།  ཀྲུང་གོའི་སྤྱི་ཚོགས་རིང་ལུགས་དམངས་གཙོའི་མངོན་ཚུལ་གལ་ཆེན་གཉིས་ཡིན་པས་ཐུན་མོང་ཐོག་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་ཀྱི་ཁྱད་ཆོས་དང་ལེགས་ཆ་གྲུབ་པའི་ལྟ་བ།  ལྔ་ནས།  སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་གོང་འཕེལ་གཏོང་བའི་འགག་རྩ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་ཀྱི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ།  སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་ལམ་ལུགས་ཅན་དང་ཚད་ལྡན་ཅན།  འགྲོ་ལུགས་ཅན་བཅས་སུ་སྐུལ་འདེད་ཟམ་མི་ཆད་པ་བཏང་ནས་ཏང་དང་རྒྱལ་ཁབ་གྲ་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཆེད་སྔར་བས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་སྲུང་མཁོ་འདོན་བྱེད་རྒྱུར་ཐུག་པའི་ལྟ་བ་བཅས་རྒྱུན་འཁྱོངས་བྱས་ཡོད་ཅེས་འཁོད་ཡོད།
རྩོམ་ཡིག་ནང༌།  ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་ཐད་གསོན་ཤུགས་ཆེན་པོ་ལྡན་ཡོད་པ་ལག་ལེན་ཐོག་ནས་ར་སྤྲོད་གང་ལེགས་ཐུབ་ཡོད་པས།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་བར།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་ལམ་ལུགས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་གོང་འཕེལ་འགྲོ་ལམ་ཐོག་སྐྱོད་པའི་སེམས་ཤུགས་དང་ཆོད་སེམས་ཆེ་རུ་གཏོང་དགོས།  མདུན་སྐྱོད་ཀྱི་ལམ་བུའི་ཐོག་ང་ཚོས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་གོང་འཕེལ་འགྲོ་ལམ་ཐོག་སྐྱོད་དེ།  སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་དང་སྤྱི་ཚོགས་རིང་ལུགས་ཆབ་སྲིད་ཤེས་དཔལ་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་ནས།  བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་རྒྱུན་མཐུད་འཕེལ་རྒྱས་གཏོང་དགོས་ཞེས་བཏོན་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]