ལོ་མཇུག་ཏུ་ར་རྔ་ཁ་ནས་སྤོ་བོའི་བར་གྱི་ལྕགས་ལམ་སྐྲུན་འགོ་འཛུཌ་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-11-23

གསར་འགོད་པས་ཉེ་དུས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ར་རྔ་ཁ་ནས་སྤོ་བོའི་བར་གྱི་ཁྲོན་བོད་ལྕགས་ལམ་ལས་གཞི་སུས་འཇོན་དེ་འགུགས་ལས་དོན་བདེ་བླག་ངང་ལེགས་སྒྲུབ་ཟིན་པ་དང༌།  ར་རྔ་ཁ་ནས་སྤོ་བོའི་བར་གྱི་ལྕགས་ལམ་ལས་གཞི་ཁག་ད་ལོའི་ལོ་མཇུག་གོང་སྐྲུན་འགོ་འཛུགས་རྒྱུ་རེད།

ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིའི་ཁྲོན་བོད་ལྕགས་ལམ་ལས་གཞི་འཛུགས་སྐྲུན་བཀོད་འདོམས་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།  སྤྱི་ལོ ༢༠༢༠ ལོའི་ཟླ་བཅུ་གཅིག་པར་ལས་འགོ་བཙུགས་པའི་གསེར་སྐྱེམས་ལའི་ཕུག་ལམ་དང༌དར་རྩེ་མདོའི་ཕུག་ལམ་གཉིས་པ།  རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་སོགས་དང་།  སྤྱི་ལོ ༢༠༢༡ ལོའི་ཟླ་གསུམ་པར་སྐྲུན་འགོ་བཙུགས་པའི་གཡག་རྔ་ནས་ར་རྔ་ཁ་བར་དང་སྤོ་བོ་ནས་ཉིང་ཁྲིའི་བར་གྱི་ལྕགས་ལམ་འཛུགས་སྐྲུན་ལས་གཞི་ཁག་སྤུས་འབོར་གཉིས་ལྡན་ངང་སྐྲུན་བཞིན་ཡོད།  
གཡག་རྔ་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་གསར་སྐྲུན་ལམ་ཐིག་གི་སྤྱིའི་རིང་ཚད་ལ་སྤྱི་ལེ ༡༠༡༨ ཡོད་པའི་ནང་།  ད་རེས་སུས་འཇོན་དེ་འགུགས་པའི་ར་རྔ་ཁ་ནས་སྤོ་བོའི་བར་གྱི་ལྕགས་ལམ་འཛུགས་སྐྲུན་སྤྱིའི་རིང་ཚད་ལ་སྤྱི་ལེ ༦༨༡ ཡོད་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]