བློ་མེས་ཀྱིས་ལྗོངས་སྨན་ཁང་དུ་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-11-24

ཉེ་དུས།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བློ་མེས་ནས་སྣེ་ཁྲིད་གནང་བའི་བརྟག་ཞིབ་ཚོགས་ཆུང་གིས།  རང་སྐྱོང་ལྗོངས་སྨན་ཁང་དུ་ཕེབས་ནས་རྣམ་གྲངས་འཛུགས་སྐྲུན་འཕེལ་རིམ་ཐད་བརྟག་ཞིབ་གནང་བ་དང་ལས་ཀའི་སྙན་ཞུ་གསན་པ་མ་ཟད།  ས་གནས་ས་ཐོག་ཏུ་གཞུང་ལས་ཚོགས་འདུ་ཡང་འཚོགས་གནང་བ་རེད།

བརྟག་ཞིབ་ཚོགས་ཆུང་གིས་རང་སྐྱོང་ལྗོངས་སྨན་ཁང་ནི་རྒྱལ་ཁབ་ནས་བོད་ལྗོངས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་དམངས་འཚོའི་ལས་གཞི་ཆེ་གྲས་གསུམ་གྱི་གྲས་ཤིག་ཡིན་པ་དང་།  རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་སྤུས་དག་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་གཙོ་གནད་རྣམ་གྲངས་ཤིག་ཡིན་པས།  འབྲེལ་ཡོད་ཚན་པ་དང་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ།  ཚན་རིག་དང་མཐུན་ལ་གནད་འཕིགས་ཐོག་ནས་རྣམ་གྲངས་འཛུགས་སྐྲུན་ཁྲོད་ནད་ཡམས་འགོག་ཟོན་རྒྱུན་རྣམ་ཅན་དུ་ཡག་པོ་བྱེད་དགོས་པ་དང༌།  ཐབས་ལམ་མང་བ་དང་ཕྱོགས་ཡོངས་ནས་སྨན་ཁང་གི་སྨན་བཅོས་དཔུང་ཁག་འཛུགས་སྐྱོང་ལས་ཀ་ཡག་པོ་སྒྲུབ་དགོས་པ།  རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་དུས་ཐོག་ཏུ་རྣམ་གྲངས་སྐུལ་སྤེལ་བརྒྱུད་རིམ་ཁྲོད་དཀའ་ངལ་དང་གནད་དོན་ཐག་གཅོད་བྱས་ཏེ།  ལས་གཞིའི་རྣམ་གྲངས་དུས་བཀག་ལྟར་ལེགས་སྒྲུབ་ཐུབ་པ་བྱེད་དགོས་པ་བཅས་ཀྱི་མཛུབ་སྟོན་བྱས་པ་རེད།།  
 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]