རང་ལྗོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་ནར་མ་སོན་པའི་མིར་ཁྲིམས་འཛིན་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-11-25

སྤྱི་ཚེས ༢༤ ཉིན་གྱི་སྔ་དྲོ།  རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་འགྲེམ་བསྒྲགས་ཚོགས་འདུ་འཚོགས་པ་དང་།  རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས།  རང་ལྗོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ནར་མ་སོན་པའི་མི་ལ་སྲུང་སྐྱོབ་བྱེད་རྒྱུའི་ཞིབ་དཔྱོད་འགན་འཁྲིར་གཞིགས་ཏེ།  ནར་མ་སོན་པའི་མིར་སྲུང་སྐྱོབ་དང་ནར་མ་སོན་པའི་མིས་ཉེས་པ་གསག་རྒྱུར་སྔོན་འགོག་བྱས་ཚུལ་ངོ་སྤྲོད་བྱས་ཡོད།

སྤྱི་ལོ ༢༠༢༠ ལོའི་ཚུན་དུ།  རང་ལྗོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་འཚོལ་ཞིབ་གསར་གཏོད་ཧུར་ཐག་བྱེད་པ་དང་ལས་ཀའི་ལམ་སྲོལ་འཐུས་ཚང་བཟོས་ནས།  རྡུང་རྡེག་དང་སྲུང་སྐྱོབ་ཕྱོགས་གཉིས་ཀར་ཤུགས་སྣོན་བརྒྱབ་པ་དང་།  ནར་མ་སོན་པའི་མིར་ཞིབ་དཔྱོད་བྱེད་པའི་ལས་ཀའི་སྤུས་རྟགས་གཏོད་པ།  འབྲེལ་ཡོད་ཚན་པ་དང་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་བཟུང་ནས།  ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ཏན་ཏིག་བྱས་པ་དང་ཕྱོགས་ཡོངས་ནས་ནར་མ་སོན་པའི་མིར་ཁྲིམས་འཛིན་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ཡོད།

རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཞིབ་དཔྱོད་དཔོན་གཞོན་པ་མིག་དམར་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན།  རང་ལྗོངས་ཀྱིས་ནར་མ་སོན་པའི་ཉེས་གསོག་པ་འཇུ་བཟུང་ཚོད་འཛིན་དང་ཞུ་གཏུག་གཟབ་ནན་བྱེད་པའི་རྩ་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ།  སྤྱི་ལོ ༢༠༢༠ ལོའི་ཟླ་དང་པོའི་ཚུན་དུ་ནར་མ་སོན་པའི་ཉེས་གསོག་པ ༨༧ འཛིན་བཟུང་བྱ་རྒྱུའི་ཞུ་ཡིག་ལ་ཆོག་མཆན་སྤྲད་མེད་པས་འཛིན་བཟུང་མི་བྱེད་ཚད་བརྒྱ་ཆ ༣༨.༥ ཟིན་ཡོད་པ་དང་།  སྤྱི་ལོ ༢༠༢༡ ལོའི་ཟླ་བཞི་པ་ནས་བཟུང་ནར་མ་སོན་པའི་མི་དང་འབྲེལ་བའི་ཉེས་དོན་དང་དམངས་དོན།  སྲིད་འཛིན།  སྤྱི་ཕན་ཞུ་སྦྱོར།  ཁྲིམས་ཆད་ལག་བསྟར་ལྟ་སྐུལ་བཅས་ཞིབ་དཔྱོད་ཀྱི་ལས་སྒོ་ཚང་མ་ནར་མ་སོན་པའི་མིར་ཞིབ་དཔྱོད་བྱེད་མཁན་ཚན་པས་གཅིག་བསྡུས་བདག་སྤྲོད་བྱེད་ཀྱི་ཡོད་པས།  ཞིབ་དཔྱོད་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་ནར་མ་སོན་པའི་མི་སྲུང་སྐྱོབ་བྱེད་པའི་ནང་ཁུལ་ཞིབ་དཔྱོད་ཁང་ཆུང་ངུ་ཞིག་ཆགས་ཡོད་པའི་ཐོག་ནས།  ཞིབ་དཔྱོད་ཚན་པའི་ལོ་ཆུང་ཁྲིམས་འཛིན་ལས་དོན་ཚད་ལྡན་ཅན་དང་ཞིབ་ཕྲ་ཅན་གྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད།

དེ་དང་ཆབས་ཅིག  ལྗོངས་ཡོངས་ཀྱི་ནར་མ་སོན་པའི་མིའི་ཉེས་གསོག་ཞིབ་དཔྱོད་ལས་དོན་དང་འཚམས་པའི་ཆ་འཕྲིན་གྲངས་མཛོད་ཐོག་མ་དང་ཉེས་གསོག་ཞིབ་དཔྱོད་ལས་ཀའི་སེམས་ཁམས་བློ་འདྲིའི་ཆ་འཕྲིན་མཛོད་ཐོག་མ་བཙུགས་པ་མ་ཟད།  གཅིག་འཐུས་རྣམ་པའི་བློ་འདྲིའི་རོགས་སྐྱོབ་ལྟེ་གནས་གཉིས་བཙུགས་ཡོད་པ་དང་།  དེ་མིན་གྲོང་ཁྱེར༼ ས་ཁུལ ༽གྱིས་ཀྱང་སྔ་རྗེས་སུ་འཛུགས་བཞིན་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]