ཉིང་ཁྲིས་མཐའ་མཚམས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཧུར་ཐག་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-11-25

ད་ལོའི་ཚུན་དུ་ཉིང་ཁྲི་གྲོང་ཁྱེར་གྱིས་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ།  མ་དངུལ་སྒོར་དུང་ཕྱུར ༢.༦ བཏང་ནས་མཐའ་མཚམས་རྫོང་གི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ལྔ་ལག་བསྟར་བྱས་པ་དང་།  ད་བར་མ་དངུལ་སྒོར་དུང་ཕྱུར ༡.༢ བཏང་ཟིན་པས་རྣམ་གྲངས་དེ་དག་ཚང་མ་སྤྱི་ལོ ༢༠༢༢ ལོའི་ལོ་མཇུག་གོང་ལེགས་སྒྲུབ་ཐུབ་བཟོ་ཡོད།  ཤེས་རྟོགས་བྱས་པར་གཞིགས་ན།  ཁྱོན་མ་དངུལ་སྒོར་ཁྲི་ཚོ ༨༢༠༦ བཏང་ནས་མཐའ་མཚམས་ཤང་༼ གྲོང་རྡལ༽བརྒྱད་ཀྱི་འཚོ་བའི་བཙོག་ཆུ་གཙང་སིང་སྒྲིག་བཀོད་སྒྲིག་སྦྱོར་བྱས་ཡོད་པ་དང་།  ཤང་༼ གྲོང་རྡལ༽བཞིའི་འཚོ་བའི་གད་སྙིགས་གཙང་བཟོའི་སྒྲིག་བཀོད་སྒྲིག་སྦྱོར་གྱི་རྣམ་གྲངས་ལག་ལེན་བསྟར་ནས་ད་ལོའི་སྤྱི་ཟླ་བརྒྱད་པར་བེད་སྤྱོད་ཐུབ་པ་རེད།
གཞན་ཡང་།  ཞིང་པའི་སྡོད་ཁང་ ༡༣༠༠༠ ཙམ་གྱི་བདེ་འཇགས་ཉེན་ཁར་ཞིབ་བཤེར་ཟིན་པ་དང་།  དུད་ཚང་ ༢༤༨ ཀྱི་སྡོད་ཁང་ཉེན་འགོག་ཉམས་བཟོ་བྱས་པ་མ་ཟད།   ཞིང་པའི་སྡོད་ཁང་བསྒྱུར་བཟོའི་རྣམ་གྲངས་འཛུགས་སྐྲུན་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་པ་དང་།  ཁྱིམ་ཚང་ཀུན་ལ་དྭངས་གཙང་གི་འཐུང་ཆུ་སྤྱོད་རྒྱུ་བྱུང་བ།  གྲོང་ཚོ་ཀུན་ལ་གཞུང་ལམ་ཤར་གཏོང་ཐུབ་པ་བཅས་བྱུང་ཞིང་།  འཚོ་བའི་ཆ་རྐྱེན་ལེགས་བཅོས་དང་མང་ཚོགས་ཀྱི་བསམ་བློའི་ངོས་འཛིན་ལ་ཡང་འགྱུར་བ་ཆེན་པོ་བྱུང་ཡོད།།  

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]