ལྷ་ས་གྲོང་ཁྱེར་གྱི་ཁ་ལོ་བའི་རྒྱུགས་ལེན་ཞབས་ཞུ་སྔར་བས་ལེགས་སུ་ཕྱིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2022-01-20

ཉེ་བའི་ལོའི་ནང་།  ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་འཁོར་རིགས་དོ་དམ་ཟོའོ་ཡིས་འཁོར་རིགས་དོ་དམ་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།  གློད་སྡོམ་ཞབས་གསུམ་གྱི་དམངས་བདེའི་བྱ་ཐབས་ལག་བསྟར་ཏན་ཏིག་བྱས་ནས་མང་ཚོགས་ལ་དེ་བས་སྟབས་བདེ་དང་དེ་བས་འཐུས་ཚང་།  དེ་བས་མགྱོགས་མྱུར་བཅས་ཀྱི་འཁོར་རིགས་དོ་དམ་གྱི་ཞབས་ཞུ་ཡོད།
གསར་འགོད་པས་ལྷ་ས་གྲོང་ཁྱེར་འཁོར་རིགས་དོ་དམ་ཟོའོ་སློབ་ཁྲིད་ཡིག་རྒྱུགས་ལྟེ་གནས་ཀྱི་རྒྱུགས་ཚན་གཉིས་པའི་རྒྱུགས་རར་སྐྱོད་སྐབས།  རྒྱུགས་སྤྲོད་མཁན་ཚོས་རྒྱུགས་ལེན་གོ་རིམ་གཞིར་བཟུང་རྒྱུགས་དཔོན་གྱི་སྒྲིག་འཛུགས་འོག་རིམ་པས་རླངས་འཁོར་ནང་འཛུལ་ཏེ་རྒྱུགས་གཏོང་བ་དང་།  གློག་ཀླད་མ་ལག་གིས་རྒྱུགས་སྤྲོད་མཁན་ཚོའི་བཀོལ་སྤྱོད་དངོས་ཡོད་གནས་ཚུལ་གཞིར་བཟུང་སྐར་མ་རྒྱག་པ་དང་རྒྱུགས་བཏང་ཟིན་རྗེས་རང་སར་སྦྱངས་འབྲས་ཡོངས་བསྒྲགས་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་བ་རེད།
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་འགྲིམ་འགྲུལ་ཡན་ལག་རུ་ཁག་འཁོར་རིགས་དོ་དམ་ཟོའོ་ཡི་ཁ་ལོ་བའི་རྒྱུགས་ལེན་ལྟེ་གནས་ཀྱི་མི་དམངས་ཉེན་རྟོག་པ་ལོ་ཛེ་ཧྲན་ནས།  གློད་སྡོམ་ཞབས་གསུམ་གྱི་བསྒྱུར་བཅོས་བརྒྱུད་རྒྱུགས་སྤྲོད་མཁན་ཚོས་ཁ་ལོ་བའི་ལག་ཁྱེར་མགྱོགས་མྱུར་ལེན་ཐུབ་པ་དང་།  ཆ་སྙོམས་ཟླ་རེར་ཁ་ལོ་བའི་ལག་ཁྱེར་སྤྲོད་ཚད ༥༠༠༠ ལྷག་ཙམ་ཟིན་གྱི་ཡོད་ཅེས་གསུངས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།  དེང་སྐབས་ལྷ་ས་གྲོང་ཁྱེར་གྱིས་རྫོང་རིམ་པའི་འཁོར་རིགས་དོ་དམ་ཟོའོ ༧ བཀོད་སྒྲིག་བྱས་པ་མ་ཟད་འཕྲུལ་སྒུལ་འཁོར་རིགས་ཀྱི་ཞབས་ཞུ་ས་ཚིགས ༡༤ བཙུགས་པས།  ཞབས་ཞུ་སྒྲུབ་ཁྱོན་ཆེ་རུ་ནུས་ལྡན་ཕྱིན་པ་དང་འཕྲུལ་སྒུལ་འཁོར་རིགས་ཞིབ་བཤེར་ཚད་ལེན་ས་ཚིགས ༡༠ བེད་སྤྱོད་གཏོང་བཞིན་ཡོད་ཅིང་།  འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་རྒྱུགས་ར ༦ བཙུགས་ཏེ་འཁོར་རིགས་ཞིབ་བཤེར་དང་ཁ་ལོ་བའི་རྒྱུགས་ལེན་ཞབས་ཞུ་སྔར་བས་ལེགས་སུ་བཏང་བ་དང་།  གློད་སྡོམ་ཞབས་གསུམ་གྱི་བསྒྱུར་བཅོས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བས་ཁ་ལོ་བའི་དོ་དམ་ལས་སྒོ་གཉེར་བའི་ཐོབ་སྣང་དང་བློ་ཡིད་འཚིམ་ཚད་ཆེ་རུ་ཕྱིན་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]