འདི་ལོ་རང་ལྗོངས་ཀྱིས་སྡོད་ཁང་སྐྱོ་ཁུལ་དུད་ཚང་༥༥༠༠བསྒྱུར་བཀོད་བྱེད་རྩིས་ཡོད།

ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2022-01-21

ཉེ་དུས།  གསར་འགོད་པས་ལྗོངས་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན།  འདི་ལོ་རང་ལྗོངས་ཀྱིས་སྡོད་ཁང་སྐྱོ་ཁུལ་དུད་ཚང་ ༥༥༠༠ བསྒྱུར་བཀོད་བྱ་རྩིས་ཡོད་པ་དང་།  སྤྱི་པའི་བོགས་གཏོང་ཁང་པ་ཆ་ཚང་ ༡༧༢༨ དང་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་ཆ་ཚང་ ༨༥༢ བསྐྲུན་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།  སྡོད་ཁང་སྐྱོ་ཁུལ་བསྒྱུར་བཀོད་ཀྱིས་གྲོང་ཁུལ་རྙིང་པའི་བཙོག་ཟིང་ཞན་གསུམ་གྱི་སྡོད་ཁང་སྐྱོ་ཁུལ་བསྒྱུར་བཀོད་བྱས་ནས།  ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་སྡོད་ཁང་གི་སྤུས་ཀ་དག་ཏུ་གཏོང་རྒྱུ་རེད།
གཞན་ཡང་།  འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཐེམ་ཐོ་ས་གནས་དེ་གར་མེད་པའི་གྲོང་མི་དང་ན་གཞོན།  ལྷག་པར་དུ་གཞི་རིམ་གྱི་སྤྱི་པའི་ཞབས་ཞུ་སྤེལ་མཁན་སོགས་ཚོགས་སྤྱིའི་སྡོད་ཁང་གི་གནད་དོན་ཐག་གཅོད་ཧུར་ཐག་བྱ་རྒྱུ་མ་ཟད།  ལས་ཤག་ཆ་ཚང་ཁྲི ༡ གི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་ལས་ཤག་བགོ་བཤའ་དོ་དམ་ལ་ཡང་ཤུགས་སྣོན་རྒྱག་རྒྱུ་རེད།
དེ་དང་ཆབས་ཅིག  རང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ།  གྲོང་ཁྱེར་དང་གྲོང་རྡལ ༣༡ གི་ཁུལ་ཆུང་རྙིང་པ་བསྒྱུར་བཀོད་བྱས་ནས་གྲོང་ཁྱེར་གྱི་རྣམ་པ་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་སྡོད་གནས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་རེད། འཕྱོངས་རྒྱས་དང་རྣམ་གླིང་སོགས་གྲོང་ཁྱེར་དང་གྲོང་རྡལ ༢༦ གི་འགྲོ་ལམ་གྱི་རྣམ་གྲངས་འཛུགས་སྐྲུན་དང་སྨིད ༤༠༠༠ ཡན་གྱི་ས་བབ་མཐོ་བའི་རྫོང་གྲོང་ ༥ ཡི་གཅིག་སྡུད་ཀྱི་དྲོད་རླངས་མཁོ་འདོན་ལས་གྲྭ་ལག་བསྟར་བྱ་རྒྱུ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]