ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་དུ་སྨན་བཅོས་བྱས་ཚེ་སྨན་རིན་ཐད་ཀར་རྩིས་ཞུ་བྱེད་ཆོག

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2022-01-22

ཉེ་དུས།  གསར་འགོད་པས་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ལྗོངས་ནང་ཁུལ་གྱི་སྨན་བཅོས་འགན་བཅོལ་བྱེད་པའི་དམིགས་བཙུགས་སྨན་བཅོས་ཚན་པས།  གཏན་འཁེལ་བྱས་པའི་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་གཞིའི་རིགས་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་དུ་སྨན་ལེན་པ་དང་བརྟག་དཔྱད་བྱས་ཚེ་ཐད་ཀར་སྨན་བཅོས་འགན་བཅོལ་གཱ་སྤྱད་ནས་རྩིས་ཞུ་བྱེད་ཆོག་གི་ཡོད།    
ངོ་སྤྲོད་བྱས་པར་གཞིགས་ན།  སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་ཟེར་བ་ནི་ནད་གཞི་བལྟོས་བཅས་ཀྱིས་བརྟན་པོ་ཡིན་པ་དང་།  སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་ཡུན་རིང་བྱེད་དགོས་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་གཅིག་གྱུར་འཆར་འགོད་ཐེབས་རྩའི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་པའི་གཅོང་ནད་དང་ནད་གཞི་ཅི་རིགས་ལ་ཟེར་གྱི་ཡོད།  སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་ལ་གཏན་འཁེལ་བྱས་རྗེས་འབྲེལ་ཡོད་ནད་རིགས་ཀྱི་སྒོ་བསྟེན་བརྟག་དཔྱད་དང་སྨན་ཉོ་བའི་འགྲོ་གྲོན་དེ།  སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་པའི་འགྲོ་གྲོན་དང་འདྲ་བར་རྩིས་ཞུ་ཐུབ་ཀྱི་ཡོད་ཅིང་།  བོད་ལྗོངས་ནང་ཁུལ་གྱི་སྨན་ཁང་གཞན་དག་ཏུ་དམིགས་བསལ་སྒོ་བསྟེན་གྱི་སྨན་བཅོས་བྱེད་པའི་ནད་པས།  ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་དུ་སྨན་བཅོས་བྱས་ཚེ་སྨན་རིན་ཐད་ཀར་རྩིས་ཞུ་བྱེད་ཆོག་གི་ཡོད།    
དེང་སྐབས་བོད་ལྗོངས་ཀྱི་ལས་བཟོའི་སྨན་བཅོས་འགན་བཅོལ་གྱིས་རིགས་ཆེ་གྲས ༣༤ ཡི་ནད་རིགས ༤༩ དང་།  མཐོང་དཀོན་པའི་ནད་རིགས ༡༢༡ ནང་ནས་ནད་རིགས ༢༣ གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཅིག་གྱུར་འཆར་འགོད་ཐེབས་རྩའི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]