ཉིང་ཁྲི་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་རྒྱུ་འགན་སྲུང་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2022-01-23

དགུན་ཁ་ཤར་ཚུན།  ཉིང་ཁྲི་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་རྒྱུ་དེ་དེང་དུས་ཀྱི་དམངས་འཚོའི་དོན་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་།  མི་རྒྱུ་དངུལ་གསུམ་ཤུགས་ཆེན་གཏོང་བ།  དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཏན་ཏིག་བྱེད་པ།  བདེ་འཇགས་ངང་དགུན་སྒྲོལ་དང་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པ་བྱས་ཏེ།  འགན་ལེན་བྱེད་དགོས་རིགས་འགན་ལེན་དང་གསོ་དགོས་རིགས་གསོ་བ།  སྐྱོབ་དགོས་རིགས་སྐྱོབ་པ་བཅས་བྱས་ཏེ་རོགས་པ་གང་ཐུབ་བྱས་ཡོད།
དཀའ་ངལ་ཡོད་པའི་ལས་བྲལ་དང་ལས་འཁྱུར་ལས་བཟོ་པར་གནས་སྐབས་རོགས་སྐྱོབ་བྱས་ཤིང་།  རང་འགུལ་ཤེས་རྟོགས་ཀྱི་ལམ་སྲོལ་བཙུགས་པ་བརྒྱུད།  རྫོང་༼ ཆུས ༽ཁག་གི་དམངས་སྲིད་སྡེ་ཚན་དུད་ཚང་དུ་བསྐྱོད་དེ་བཅར་འདྲི་དང་།  སྲིད་ཇུས་དྲིལ་བསྒྲགས་ཡག་པོ་བྱེད་པར་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་བྱས་ནས།  དགོས་མཁོ་ཡོད་པའི་མང་ཚོགས་ཀྱི་རེ་ཞུར་རང་འགུལ་ངང་གཞོགས་འདེགས་བྱས་ཡོད།  མཐིལ་རྟོགས་གྲལ་བཤེར་བྱས་པ་བརྒྱུད།  གནས་སྐབས་རོགས་སྐྱོབ་ཀྱི་ཆ་རྐྱེན་དང་མཐུན་པའི་དཀའ་ངལ་ཡོད་པའི་ལས་བྲལ་དང་ལས་འཁྱུར་བྱས་པའི་ཁེ་ལས་ཀྱི་ལས་བཟོ་པ་ལྔར་རོགས་སྐྱོབ་མ་དངུལ་སྒོར ༤༦༠༠༠ སྤྲད་པ་རེད།
དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་དགུན་ཆས་སྤྲད་ཅིང་།  ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་ད་བར་མ་དངུལ་སྒོར་ཁྲི ༡༠༨.༥༦ གྲབས་གསོག་བྱས་ནས།  རྫོང་༼ ཆུས ༽བདུན་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ཀྱི་རྒན་རྒོན་དང་།  དེ་བཞིན་ཁ་ཐོར་དུ་ལུས་པའི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་དྲོད་སྲུང་གྱོན་ཆས་དང་།  བྱ་སྤུའི་གྱོན་ཆས།  སྲིང་བལ་ལྷམ་སོགས་དགུན་སྒྲོལ་དངོས་ཟོག་ཉོ་རྒྱུར་སྤྱད་དེ་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ ༧༦༦ དང་ཉམས་ཞན་ཚོགས་སྤྱི་རྣམས་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པ་བྱས་ཡོད།
ཉིང་ཁྲི་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་ཟླ་བ་བཅུ་གཉིས་པའི་ཟླ་འགོར།  ཁོར་ཡུག་གཙང་སྦྲ་བར་གཅེས་སྐྱོང་བྱེད་པའི་ཆེད་དོན་བྱེད་སྒོ་སྤེལ་ནས་མ་དངུལ་སྒོར་ཁྲི ༤ བཏང་སྟེ་ཁོར་ཡུག་གཙང་སྦྲ་བ ༥༠ ལ་བྱ་སྤུའི་གྱོན་ཆས་སོགས་གཅེས་སེམས་དངོས་པོ་བསྐྱལ་བ་རེད།
སྲིད་གཞུང་གིས་ཉོ་སྒྲུབ་བྱེད་པའི་ཞབས་ཞུ་ཁྱབ་གདལ་བཏང་ནས་དཀའ་ངལ་གྱི་གནས་སུ་གྱར་བའི་བྱིས་པ་དང་གཞིས་ལུས་བྱིས་པར་དྲོ་སྐྱིད་སྦྱིན་ཞིང་།  མ་དངུལ་སྒོར་ཁྲི ༧༠.༢༢ བཏང་ནས་ཉིང་ཁྲི་གྲོང་ཁྱེར་གྱི་གཞིས་ལུས་བྱིས་པ ༣ དང་དཀའ་ངལ་གྱི་གནས་སུ་གྱར་བའི་བྱིས་པ ༤༢༦ ལ་བྱིས་པའི་འཕྲལ་སྡོམ་ཐག་གཅོད་དང་།  རོགས་སྐྱོབ།  ལྟ་སྐྱོང་བཅས་ཀྱི་རྒྱབ་སྐྱོར་ཞབས་ཞུ་ཚུད་པའི་གཅེས་སྐྱོང་སྲུང་སྐྱོང་ཞབས་ཞུ་ཉོ་སྒྲུབ་བྱས་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]