མངའ་རིས་ས་ཁུལ་གྱིས་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་གཙོ་གནད་ལས་དོན་སྤེལ་ཚུལ་ཕྱོགས་ཡོངས་དང་ཡང་དག་པར་ཁོང་དུ་ཆུད་པ་བྱ་ཆེད། ཉེ་དུས་མངའ་རིས་ས་ཁུལ་གྲོང་གསེབ་དར་རྒྱས་ཅུད་ཀྱིས། མངའ་རིས་ས་ཁུལ་ནོར་སྲིད་ཅུད་དང་ཞིང་ལས་གྲོང་གསེབ་ཅུད། འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་བཅས་དང་མཉམ་འབྲེལ་ཐོག་སྔ་རྗེས་སུ་དགེ་རྒྱས་རྫོང་དང་སྒེར་རྩེ་རྫོང་། མཚོ་ཆེན་རྫོང་བཅས་སུ་ཟབ་སྐྱོད་བྱས་ནས་དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར། མ་དངུལ་བེད་སྤྱོད། ལོ་ལྔ་ཚན་བཅུ་གསུམ་པའི་རིང་གི་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཀྱི་གཉེར་སྐྱོང་དོ་དམ། གནས་སྤོས་དབུལ་སྐྱོར་ཁུལ་དུ་རྗེས་མཐུད་རོགས་སྐྱོར་སོགས་ཀྱི་གནས་ཚུལ་ཐད་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ཏེ། མང་ཚོགས་ལ་སྟབས་བདེ་སྐྲུན་གང་ཐུབ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་བཏང་ཡོད་པ་རེད།།