ཉེ་དུས། ལྗོངས་ཏང་ཨུད་རྩ་འཛུགས་པུས་པུའུ་ལས་དོན་ཚོགས་པའི་ཚན་ཁག་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའི་པུའུ་ཀྲང་སླའེ་ཅའོ་ཡིས་པུའུ་ལས་དོན་ཚོགས་པའི་ཚན་ཁག་གི་ཚབ་ཞུས་ཏེ་ལྟ་བསྡུར་སྐྱོན་བཤེར་གནང་བ་མ་ཟད། ཕྱོགས་བསྡོམས་གསུང་བཤད་ཀྱང་གནང་བ་རེད། སླའེ་ཅའོ་ཡིས་གཏན་འཁེལ་གཉིས་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ་དང་སྲུང་སྐྱོང་གཉིས་ཐུབ་པ་བྱས་ནས། ཆབ་སྲིད་ཀྱི་གོ་རྟོགས་མཐོ་བའི་པུའུ་ལས་དོན་ཚོགས་པའི་ཚན་ཁག་འཛུགས་སྐྱོང་བྱེད་དགོས་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་གོ་བ་ལེན་པ་དང་ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱས་ཏེ། དད་སེམས་བརྟན་པའི་པུའུ་ལས་དོན་ཚོགས་པའི་ཚན་ཁག་འཛུགས་སྐྱོང་བྱེད་དགོས་པ། འགན་འཁུར་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་ཀྱིས་སྤྱོད་ཚུལ་ལེགས་པའི་པུའུ་ལས་དོན་ཚོགས་པའི་ཚན་ཁག་འཛུགས་སྐྱོང་བྱེད་དགོས་པ། པུའུ་ནན་པོས་སྐྱོང་བ་དང་རང་གཅུན་ནན་པོས་སྒྲིག་ཁྲིམས་དམ་པའི་པུའུ་ལས་དོན་ཚོགས་པའི་ཚན་ཁག་འཛུགས་སྐྱོང་བྱེད་དགོས་པ་བཅས་ཀྱི་བཀའ་སློབ་གནང་བ་རེད།།