ན་ནིང་རང་ལྗོངས་ཀྱི་ལས་ཞུགས་དང་ངལ་ནུས་ཡོང་འབབ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2022-01-28

རང་སྐྱོང་ལྗོངས་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ལོ ༢༠༢༡ ལོ་དེ་རང་ལ་ཐོན་པའི་རང་ལྗོངས་ཀྱི་སློབ་གྲྭ་ཆེ་མོ་བ་ལས་ཞུགས་ཐུབ་ཚད་བརྒྱ་ཆ ༩༩ ལྷག་ཙམ་ཟིན་པ་དང་།  ཞིང་འབྲོག་མང་ཚོགས་ཁྲི་ཚོ ༦༩.༣༣ གནས་འགྱུར་ལས་ཞུགས་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར ༥༨.༡ བྱུང་སྟེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་།  གྲོང་ཁྱེར་དང་གྲོང་རྡལ་དུ་མི ༥༢༡༠༠ གསར་དུ་ལས་ཞུགས་ཐུབ་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྱིམ་ཚང་ ༤༠༡༠ ལ་ལས་ཞུགས་ཐུབ་མཁན་རེ་ཡོད་པ་བཅས་བྱུང་ནས་ལྗོངས་ཡོངས་ཀྱི་ལས་ཞུགས་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན།  སྤྱི་ལོ ༢༠༢༡ ལོར་རང་ལྗོངས་ཀྱི་དབུལ་ཕོངས་མང་ཚོགས་དང་མཐར་ལུས་དབུལ་གྱུར་དབུལ་ལོག་ཐེབས་སླ་བའི་མང་ཚོགས།  གནས་སྤོས་མང་ཚོགས་བཅས་མི་ཁྲི་ཚོ ༢༠.༥༨ ཞོར་ལས་ལ་བསྐྱོད་པས་ལས་ཞུགས་འབབ་འཕར་བརྟན་པོ་བྱུང་བ་དང་།  སྲིད་གཞུང་གིས་ཚབ་འཇལ་སྲིད་ཇུས་ལག་ལེན་བསྟར་ནས་སྤྱི་ཚོགས་འགན་བཅོལ་གྱི་འགྲོ་གྲོན་འཇལ་དཀའ་བའི་མང་ཚོགས་ཁྲི་ཚོ ༢༨ ཀྱི་གྲོན་དངུལ་འཇལ་རོགས་བྱས་པས།  མི་སྤྱིའི་དབུལ་སྐྱོར་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་ཐུབ་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]