སྤྱི་ཚེས ༢༡ ཉིན། བསྟན་ཆོས་ཨ་ཏིས་ཀྱི་ཆེད་སྒྲིག་ཐོག་མ་གནམ་མཐའི་ལྷ་ས་ཞེས་པའི་འགྲེམས་བསྒྲགས་བྱེད་སྒོ་སྤེལ་བ་དང་། ཉིན་དེར་བསྟན་ཆོས་ཨ་ཏིས་རང་ཉིད་ཀྱི་གླུ་གཞས་ལ་དགའ་མོས་བྱེད་མཁན་གྱི་གྲོགས་པོ་གྲོགས་མོ་ཚོར་ཆེད་སྒྲིག་གསར་པའི་ནང་གི་གཞས་ཁག་གཅིག་བཏང་ཡོད་པ་དང་། རང་ཉིད་ཀྱི་གླུ་གཞས་ལ་བཅངས་པའི་བརྩེ་སེམས། ཁེར་རྐྱང་པེ་ཅིང་ལ་རོལ་དབྱངས་ཀྱི་ཕུགས་འདུན་སྒྲུབ་པའི་མྱོང་ཚོར་མདོར་བསྡུས་ཞིག་བཤད་པ་རེད། བསྟན་ཆོས་ཨ་ཏིས་ཁོ་པའི་ཆེད་སྒྲིག་ཐོག་མ་གནམ་མཐའི་ལྷ་ས་ཞེས་པ་དེ་ཕ་མ་དང་ཁོ་པའི་གླུ་གཞས་ལ་དགའ་མོས་བྱེད་མཁན་བཅས་ལ་རང་ཉིད་ཀྱི་གདངས་བརྩམས་པའི་བོད་རྒྱ་སྐད་རིགས་གཉིས་ཀྱི་ཐོག་ནས་གླུ་གཞས་ཕུལ་ཡོད།།
![]() |
|
![]() |
|
![]() |
|
![]() |
|
![]() |
|
![]() |
|