ཞི་ཅིན་ཕིང་གི་ལེགས་བཤད།
ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན་རང་རེའི་ཏང་གིས་འབད་འཐབ་དམིགས་ཚད་བཏོན་ཡོད།

བསྒྱུར་བཅོས་སྒོ་དབྱེ་བྱས་མ་ཐག་པའི་སྐབས་སུ། བློ་མཐུན་ཏེང་ཞའོ་ཕིང་གིས་ཐོག་མར་འབྱོར་འབྲིང་ཞེས་པའི་མིང་ལ་བརྟེན་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་འགྲེལ་བཤད་གནང་བ་དང་། དུས་རབས་ཉི་ཤུའི་དུས་མཇུག་ཏུ་ཀྲུང་གོར་འབྱོར་འབྲིང་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་འབད་འཐབ་དམིགས་ཚད་ཁ་གསལ་བཏོན་གནང་ཡོད།

འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་ནི་ཏང་གི་བརྗིད་ཆེའི་ཁས་ལེན་ཞིག་རེད།

སྤྱི་ལོ ༢༠༢༠ ལོར་སླེབས་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་རྒྱུ་ནི། རང་རེའི་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་བཞག་པའི་བརྗིད་ཆེའི་ཁས་ལེན་ཞིག་རེད། ལོ་ལྔ་ཚན་བཅུ་གསུམ་པའི་སྐབས་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་དུས་ཚོད་གཉིས་ཏག་ཏག་གཅིག་ཏུ་འཁེལ་བས། ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཇུག་བསྡུའི་འཆར་འགོད་ཅིག་རེད།

གལ་ཆེ་བ་དང་སྒྲུབ་དཀའ་བ་ནི་ཕྱོཌ་ཡོངས་ནས་འབྱོར་འབྲིང་བྱ་རྒྱུ་དེའོ།

ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར། གཙོ་བོ་འབྱོར་འབྲིང་ཁོ་ན་མིན་པར། དེ་ལས་གལ་ཆེ་བ་དང་སྒྲུབ་དཀའ་བ་ནི་ཕྱོགས་ཡོངས་ནས་བྱ་རྒྱུ་དེ་རེད། འབྱོར་འབྲིང་ཞེས་པ་འཕེལ་རྒྱས་ཀྱི་ཆུ་ཚད་ལ་བརྗོད་ཀྱི་ཡོད་པ་དང་། ཕྱོགས་ཡོངས་ཞེས་པ་འཕེལ་རྒྱས་ཀྱི་དོ་སྙོམས་རང་བཞིན་དང་། མཐུན་སྦྱོར་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ལ་བརྗོད་ཀྱི་ཡོད།

དམིགས་ཚད་དང་བླང་བྱ་གསར་པ་དེ་དག་ང་ཚོས་ངེས་པར་དུ་སྒྲུབ་དགོས།

༼ གྲོས་འགོ ༽ཡི་ནང་། ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན་གཏན་འཁེལ་བྱས་པའི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་དང་བླང་བྱའི་རྨང་གཞིའི་ཐོག དུས་བབ་གསར་པ་དང་གནས་ཚུལ་གསར་པར་གཞིར་བཟུང་། སླད་ཕྱིན་ལོ་ལྔའི་རིང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་དང་བླང་བྱ་གསར་པ་བཏོན་ཡོད།

ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་དཀའ་སྤྱད་འབད་འཐབ་བྱེད་དགོས།

ད་ཆ། དུས་རབས་འདིའི་ཐོག་མའི་ལོ་ཉི་ཤུ་སོང་བའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུ་དེ་མཐའ་མའི་གདོང་མཆོང་བྱེད་པར་ངར་ཤུགས་སྒྲིམ་དགོས་པའི་ལོ་རྒྱུས་ཀྱི་དུས་མཚམས་སུ་སླེབས་ཡོད། འཐབ་ཇུས་ཀྱི་ལས་འགན་ལེགས་སྒྲུབ་བྱེད་རྒྱུ་ནི་ང་ཚོའི་ལོ་རྒྱུས་ཀྱི་འགན་འཁྲི་རེད་ལ། ང་ཚོའི་གཟི་བརྗིད་ཆེ་ཤོས་ཀྱང་རེད།

ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་ལས་འགན་དོན་འཁྱོལ་བྱེད་དགོས།

དུས་རབས་གསར་པར་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་བྱེད་པར། མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་མཐའ་འཁྱོངས་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བཅས་བྱེད་དགོས།

ང་ཚོའི་འབད་འཐབ་དམིགས་ཚད་ཀྱི་འགག་རྩའི་གོམ་སྟབས་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་དེ་རེད།

ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་ནི་ང་ཚོའི་འབད་འཐབ་དམིགས་ཚད་ཀྱི་གོམ་སྟབས་དང་པོ་དེ་རེད་ལ། འགག་རྩའི་གོམ་སྟབས་ཞིག་ཀྱང་རེད། དམིགས་ཚད་དེ་མངོན་འགྱུར་ཐུབ་པའི་སྐབས་སུ། ཀྲུང་གོའི་དཔལ་འབྱོར་གྱི་སྤྱི་འབོར་ཨ་སྒོར་དུང་ཕྱུར་ཁྲི་བཅུ་བདུན་ཙམ་ཟིན་རྒྱུ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་རྒྱུ་རེད།

ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་ནི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འགག་རྩ་རེད།

ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་རྒྱུ་ནི་ང་ཚོའི་ད་ཆའི་དུས་མཚམས་ཀྱི་འཐབ་ཇུས་དམིགས་ཚད་ཅིག་རེད་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འགག་རྩ་ཞིག་ཀྱང་རེད། ང་ཚོས་མུ་མཐུད་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་དམངས་ལ་ཕན་པ་དངོས་ཐོབ་པ་དང་། དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྣོད་བཅུད་ཤེས་དཔལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལས་ལ་གཞོལ་དགོས།

འཕེལ་རྒྱས་ཀྱི་དུས་མཚམས་གལ་ཆེན་ཞིག་ཡིན་པའི་ལོ་ལྔ་ཚན་བཅུ་གསུམ་པ།

ལོ་ལྔ་ཚན་བཅུ་གསུམ་པའི་དུས་སྐབས་ནི་རང་རྒྱལ་གྱི་འཕེལ་རྒྱས་ཀྱི་དུས་མཚམས་གལ་ཆེན་ཞིག་རེད། མ་འོངས་ལོ་ལྔའི་རིང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་འཆར་གཞི་ཡག་པོ་འགོད་རྒྱུ་དེས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་དང་སྐུལ་སློང་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ཀྱི་ཆེད་དུ་འབད་འཐབ་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

རྒྱལ་ཁབ་ཀྱི་སྤྱི་སྐད་ཁྱབ་གདལ་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྦྱོང་སྤྱོད་ལ་བརྩི་འཇོག་བྱེད་དགོས།

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་རྩ་འཛིན་ཞིག་ཡིན་པས། ལས་དོན་ཚང་མ་དེར་དམིགས་དགོས། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།

ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འགན་ལེན་གལ་ཆེན།

ལོ་གཉིས་ལྷག་ཙམ་རིང་། ང་ཚོས་ཀྲུང་གོའི་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་པས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ཀྱི་འཐབ་ཇུས་བཀོད་ཇུས་རིམ་བཞིན་གྲུབ་པ་དང་སྐུལ་འདེད་ཧུར་ཐག་བཏང་བ་རེད།

འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་ནི་ང་ཚོའི་དམིགས་ཚད་ཡིན།

​ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་ནས་འགོ་བཙུགས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ཀྱི་འཐབ་ཇུས་ཀྱི་བཀོད་ཇུས་བཏོན་པ་དང་གྲུབ་ཡོད་པ་རེད།

འབྱོར་འབྲིང་གི་མིང་ཚིག་དང་ཀྲུང་གོའི་འཕེལ་རྒྱས་འཚམས་ཡོད།

ཀྲུང་གོ་མི་དམངས་ཀྱིས་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་བཞིན་ཡོད། དེའི་ཁྲོད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ནང་གི་འབྱོར་འབྲིང་གི་མིང་ཚིག་དེ་གནའ་གཞུང༼ གུས་ལུགས་གུས་སྲོལ ༽ལས་དྲངས་ཤིང་། དེ་ནི་ཀྲུང་ཧྭ་མི་རིགས་ཀྱིས་གནའ་སྔ་མོ་ནས་བཟུང་དོན་གཉེར་བྱེད་པའི་ཕུགས་རེའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་རེད།

དབུལ་གྲོལ་འགག་སྒྲོལ་སྐོར། ༼ ༣༡ ༽

དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་ཐད་ནས་བལྟས་ན། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། གཡོ་ཟོལ་རྫུན་སྒྲིག བྲེལ་འཚུབ་དང་ལས་དོན་སྒྲུབ་འདོད་མེད་པའི་བསམ་ཚུལ་བཅས་དང་། དེ་བཞིན་སྒྱིད་ལུག་དང་རུལ་སུངས་སུ་གྱུར་པའི་སྣང་ཚུལ་སྔར་བཞིན་གནས་པ་དང་། ཁག་གཅིག་ད་དུང་ཚབས་ཧ་ཅང་ལྕི་པོ་ཡོད་པས་དབུལ་གྲོལ་འགག་སྒྲོལ་ལ་སྐུལ་འདེད་ནུས་ལྡན་གཏོང་རྒྱུར་ཤུགས་རྐྱེན་བཟོ་གི་ཡོད།

སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་དགོས།

འབྱུང་འགྱུར་ལ་ཕྱོགས་སྐབས། ཀྲུང་གོས་བརྗིད་ཆེའི་དམིགས་ཚད་གཉིས་ལ་ཕྱོགས་ནས་གཅིག་རྗེས་གཉིས་མཐུད་ངང་མདུན་སྐྱོད་བྱ་རྒྱུ་སྟེ། གཅིག་ནི་སྤྱི་ལོ ༢༠༢༠ ལོར་སླེབས་སྐབས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་སྤྱི་ལོ ༢༠༡༠ ལོ་ལས་ལྡབ་གཅིག་འཕར་བ་བྱེད་དགོས།

རྒྱལ་ཁབ་འབྱོར་ཕྱུག་དང་མི་དམངས་བདེ་སྐྱིད་ཡོང་བ་བྱེད་དགོས།

ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱེད་དགོས།

འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་འཐུས་ཚང་དུ་གཏོང་དགོས།

རང་རེའི་ཏང་གིས་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བར་རྟག་པར་མི་དམངས་ཀྱི་འདོད་འདུན་དང་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ཏེ། བློ་སེམས་འགུག་ཤུགས་ཤིན་ཏུ་ཆེ་བའི་འབད་འཐབ་དམིགས་ཚད་བཏོན་ཏེ། མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དེར་འབད་འཐབ་བྱེད་ཀྱི་ཡོད།

སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ལེགས་པར་རྟོགས་དགོས།

འགྱུར་ལྡོག་ཆེ་བའི་འཛམ་གླིང་དཔལ་འབྱོར་གྱི་རླབས་རྒྱུན་ཆེན་པོའི་ཁྲོད། རང་རྒྱལ་དཔལ་འབྱོར་གྱི་གྲུ་གཟིངས་ཆེན་པོ་འདིར་ཁ་ལོ་ལེགས་པར་བསྒྱུར་ཐུབ་མིན་དེ་རང་རེའི་ཏང་ལ་ཚོད་བགམ་ཆེན་པོ་བྱས་པ་ཞིག་རེད།

དབུལ་གྲོལ་འགག་སྒྲོལ་སྐོར། ༼ ༣༠ ༽

བླང་བྱ་ནན་པོ་མཐའ་འཁྱོངས་བྱས་ནས་དངོས་འཛིན་དངོས་སྒྲུབ་ལ་སྐུལ་འདེད་གཏོང་དགོས། དབུལ་གྲོལ་འགག་སྒྲོལ་བྱེད་པར་ནན་པོ་དང་ཏན་ཏིག་བྱེད་རྒྱུ་ནི་གཙོ་བོ་ཡིན།

ཆབ་སྲིད་དཔལ་འབྱོར་རིག་པའི་ཁྱབ་ཁོངས་གསར་པ་ཟམ་མི་ཆད་པར་གཏོད་དགོས།

མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དང་དཔལ་འབྱོར་རིག་པ་ནི་མར་ཁེ་སི་རིང་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད་ལ། ང་ཚོས་མར་ཁེ་སི་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་ཀྱང་རེད། མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དང་དཔལ་འབྱོར་རིག་པ་ལས། མིའི་རིགས་ཀྱི་སྤྱི་ཚོགས་དང་ལྷག་པར་དུ་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཁོར་སྐྱོད་ཀྱི་ཆོས་ཉིད་གསལ་སྟོན་བྱས་ཡོད།

སྤྱི་ཚོགས་ཡོངས་ཀྱིས་སྨན་དོན་མི་སྣར་བརྩི་འཇོག་བྱེད་དགོས།

རྒྱ་ཆེའི་སྨན་དོན་མི་སྣས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ། སྨན་པའི་ཀུན་སྤྱོད་ལ་སྣང་ཆེན་དང་། སྨན་པའི་ལག་རྩལ་ལ་བརྩོན་ཞིབ། སྨན་པའི་སྤྱོད་བཟང་རྒྱུན་འཛིན། ལས་འགན་ལྕི་པོ་འཁུར་ཕོད་པ་བཅས་བྱས་ནས། གསོ་རིག་ཡར་ཐོན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། བདེ་ཐང་ཀྲུང་གོ་འཛུགས་སྐྱོང་དང་མི་དམངས་ཀྱི་ལུས་བདེ་སེམས་སྐྱིད་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།

སྨན་དོན་པ་ནི་བདེ་ཐང་བྱ་གཞག་གི་སྟོབས་ཤུགས་གལ་ཆེན་ཞིག་རེད།

རྒྱ་ཆེའི་སྨན་དོན་པ་ནི་འཕྲོད་བསྟེན་བདེ་ཐང་བྱ་གཞག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་སྟོབས་ཤུགས་གལ་ཆེན་ཞིག་རེད། ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་། རྒྱ་ཆེའི་སྨན་དོན་མི་སྣས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། ཐེ་ཚོམ་སྤུ་ཙམ་མེད་པར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་བསྐྱོད་དེ། དུས་ཚོད་དམ་འཛིན་གྱིས་ནད་ཡམས་དང་འཐབ་པ་དང་། སྙིང་རུས་ཆེན་པོས་ཉིན་མཚན་ལྟོས་མེད་ངང་འབད་འཐབ་བྱས་ནས་རིམས་ནད་འགོག་རྒོལ་བྱེད་པར་དཀའ་སྤྱད་འབད་བརྩོན་བྱས་ཡོད་ལ།

སློབ་མའི་གྲོན་ཆུང་གི་ཀུན་སྤྱོད་བཟང་པོ་གསོ་སྐྱོང་བྱེད་དགོས།

བཙན་ཞིང་ནན་པའི་ལམ་ལུགས་ཀྱི་ཚོད་འཛིན་དང་། ལམ་ལུགས་ལག་བསྟར་ནན་པོ། ལྟ་སྐུལ་ཞིབ་བཤེར་ཤུགས་ཆེན། གཅུན་འདོམས་ལམ་སྲོལ་ནན་པོ་བཅས་ལ་བརྟེན་ནས། གཞུང་དངུལ་སྤྱད་ནས་འཛད་སྤྱོད་བྱེད་རིང་གི་སྒྲིག་འགལ་ཁྲིམས་འགལ་གྱི་སྣང་ཚུལ་སྣ་ཚོགས་བཀག་འགོག་ཏན་ཏིག་བྱེད་དགོས།

དབུལ་གྲོལ་འགག་སྒྲོལ་སྐོར། ༼ ༢༩ ༽

ངས་སླར་ཡང་གནད་དོན་ཞིག་ནན་བཤད་བྱེད་རྒྱུ་ཡིན། དེ་ནི་དབུལ་གྲོལ་འགག་སྒྲོལ་བྱེད་པར་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱེད་དགོས་པ་ལས་རིམ་པ་བཞིན་གནོན་ཤུགས་སྤྲོད་མི་རུང་ལ། དོན་དངོས་དང་མི་མཐུན་པའི་དམིགས་ཚད་འདོན་མི་རུང་། ང་ཚོས་མི་འབོར་དབུལ་པོར་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་མངོན་འགྱུར་བྱེད་དགོས།

འབྲུ་རིགས་འཕྲོ་བརླག་ནི་ཞེ་ཁྲེལ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན།

ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས། བྱེད་ཐབས་ནུས་ལྡན་སྤྱོད་པ་དང་ཕུགས་ཕན་ལམ་སྲོལ་བཙུགས་ཏེ་བཟའ་བཏུང་འཕྲོ་བརླག་གཏོང་བའི་བྱེད་སྤྱོད་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།

དབུལ་གྲོལ་འགག་གྲོལ་སྐོར། ༼ ༢༨ ༽

ད་ཆ་ལག་ལེན་བསྟར་བཞིན་པའི་དབུལ་སྐྱོར་གྱི་ཚད་གཞི་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་འཚོ་བ་གཏོད་པའི་གཞི་རྩའི་བླང་བྱར་སླེབས་ཐུབ་པ་དང་། རྒྱལ་སྤྱིའི་ཐོག་ཏུ་ཡང་ཚད་གཞི་མཐོ་པོ་ཞིག་རེད་ཅེས་བརྗོད་ཆོག ཚད་གཞི་འདིའི་འོག་དབུལ་གྲོལ་ཡོང་བ་བྱེད་རྒྱུ་དེ་ནི་གྲུབ་འབྲས་ཧ་ལས་པ་ཞིག་ཡིན་ལ། ལས་སླ་པོར་འགྲུབ་ཐུབ་པ་ཞིག་ཀྱང་མིན། འཕེལ་རྒྱས་ཀྱི་དུས་མཚམས་ལས་འགལ་བའི་བྱ་བ་གཏན་ནས་སྒྲུབ་མི་རུང་།

ཕོར་པའི་ནང་གི་འབྲུ་རྡོག་རེ་རེ་ནི། དཀའ་ངལ་དུ་མ་སྤྱད་ནས་བྱུང་བ་སོམས།

བཟའ་བཏུང་འཕྲོ་བརླག་གཏོང་བའི་སྣང་ཚུལ་ནི་མཐོང་བ་ཙམ་གྱིས་ཧང་སངས་དགོས་པ་དང་ཡིད་སྐྱོ་འོས་པ་ཞིག་རེད། ཕོར་པའི་ནང་གི་འབྲུ་རྡོག་རེ་རེ་ནི། དཀའ་ངལ་དུ་མ་སྤྱད་ནས་བྱུང་བ་སོམས། མ་གཞི་རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ལ་ལོ་བསྟུད་མར་ལོ་ལེགས་བྱུང་ཡོད་མོད། འོན་ཀྱང་འབྲུ་རིགས་བདེ་འཇགས་ཐད་ཐོག་མཐའ་བར་གསུམ་དུ་སེམས་ཁྲལ་གྱི་འདུ་ཤེས་ཡོད་པ་བྱེད་དགོས།

དབུལ་སྒྲོལ་འགག་སྒྲོལ་སྐོར། ༼ ༢༧ ༽

དཔྱད་ཞིབ་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། དབུལ་ཞྭ་འབུད་པའི་དུས་ཚོད་ལུགས་མཐུན་གཏན་འཁེལ། གང་དབུལ་སྒྲོལ་ཐུབ་ན་དེའི་དབུལ་ཞྭ་འབུད་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་དུས་ཐུང་མྱུར་གྲུབ་དང་། རྐང་བཙུགས་ནས་མཐའ་མཇུག་བར་ནར་འགྱངས་བྱེད་པའི་སྣང་ཚུལ་བཀག་འགོག་བྱེད་དགོས། སང་ལོ་དང་གནངས་ལོར་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་དེ་བས་མང་བ་ཕྱིར་འཐེན་དང་རྫོང་དབུལ་པོའི་དབུལ་ཞྭ་འབུད་རྒྱུ་ཡིན།

བུ་རབས་ཚ་རྒྱུད་རྣམས་ལ་འཚོ་གནས་ཀྱི་བརྟེན་ས་འཇོག་དགོས།

སྣོད་བཅུད་ཁོར་ཡུག་ཐད་ཀྱི་གནད་དོན་མཐར་གཏུགས་ནས་བཤད་ན། ཐོན་ཁུངས་གསར་སྤེལ་ཐལ་དྲགས་པ་དང་། རགས་གཉེར་གྱིས་བེད་སྤྱོད། རྒྱས་སྤྲོས་འཛད་སྤྱོད་བཅས་བྱས་པའི་རྐྱེན་གྱིས་རེད།

དབུལ་གྲོལ་འགག་སྒྲོལ་སྐོར། ༼ ༢༦ ༽

སྤྱི་ཚོགས་རིང་ལུགས་ནི་ལག་ལེན་ལས་བྱུང་བ་ཞིག་རེད། དབུལ་གྲོལ་འགག་སྒྲོལ་ནི་ཤིན་ཏུ་ཛ་དྲག་པའི་དམག་འཐབ་ཞིག་ཡིན་པས་ངེས་པར་དུ་འབད་བརྩོན་ལྡབ་བརྒྱ་བྱེད་དགོས།

རང་གི་མིག་ལ་གཅེས་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་དགོས།

ལྗང་མདོག་གི་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་པར་སྐུལ་འདེད་གཏོང་རྒྱུ་ནི་འཕེལ་རྒྱས་ཀྱི་ལྟ་བར་གསར་བརྗེ་གཏིང་ཟབ་བྱས་པ་ཞིག་རེད། དེས་ན་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་དང་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས།

དབུལ་གྲོལ་འགག་སྒྲོལ་སྐོར། ༼ ༢༥ ༽

དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་དེ་ཏན་ཏན་ཏིག་ཏིག་ངང་སྒྲུབ་དགོས་པ་དང་ལས་དོན་མཐའ་དག་མང་ཚོགས་དབུལ་པོའི་དཀའ་གནད་དངོས་ཐག་གཅོད་བྱེད་པའི་ཐོག་དོན་འཁྱོལ་བྱས་ཏེ། ཕྱི་ཚུལ་རིང་ལུགས་གཏན་འགོག་གིས་འདྲ་ཆགས་པོ་གཏན་ནས་བྱེད་མི་རུང་བ་དང་། གུས་སྲོལ་ཉག་ཉོག་བཟོ་མི་རུང་བ། ཕྱི་ཚུལ་ཙམ་བྱེད་མི་རུང་བ་བཅས་ལ་ངས་ནན་བཤད་ཐེངས་མང་བྱས་པ་ཡིན།

རང་རྒྱལ་གྱི་སྣོད་བཅུད་ཁོར་ཡུག་འཛུགས་སྐྲུན་ཡག་པོ་བྱེད་དགོས།

ནགས་ཚལ་ནི་སྐམ་སའི་སྣོད་བཅུད་མ་ལག་གི་གྲུབ་ཆ་གཙོ་བོ་དང་ཐོན་ཁུངས་གལ་ཆེན་ཞིག་ཡིན་པ་དང་། མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ཡོང་བའི་སྣོད་བཅུད་ཀྱི་འགན་སྲུང་གལ་ཆེན་ཞིག་ཀྱང་རེད། གལ་སྲིད་ནགས་ཚལ་མེད་ན། སའི་གོ་ལ་དང་མིའི་རིགས་གང་འདྲ་ཞིག་ཏུ་འགྱུར་མིན་ཤོད་ཚོད་དཀའ་བ་ཞིག་རེད།

དབུལ་གྲོལ་འགག་སྒྲོལ་སྐོར། ༼ ༢༤ ༽

ཏང་ཀྲུང་དབྱང་གིས་སྤྱི་ལོ ༢༠༢༠ ལོའི་དབུལ་གྲོལ་འགག་སྒྲོལ་གྱི་དམིགས་ཚད་ལ་གཏན་འབེབས་ཁ་གསལ་བྱས་ཡོད་པ་སྟེ། སྤྱི་ལོ ༢༠༢༠ ལོར་སླེབས་སྐབས། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ལྟོ་གོས་ལ་སེམས་ཁྲལ་མེད་པ་དང་། འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་ལ་འགན་ལེན་ཡོད་པ། ས་ཁུལ་དབུལ་པོའི་ཞིང་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་གཙོ་བོའི་དམིགས་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་འདྲ་པོ་སླེབས་པ་བྱེད་དགོས།

བྱས་རྗེས་དེང་ལ་བཞག་ནས་ཕན་འབྲས་བསྐལ་བརྒྱར་ཐོན་པ་བྱེད་དགོས།

སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་བྱས་རྗེས་ད་ལྟ་བཞག་ནས་ཕན་འབྲས་བསྐལ་བརྒྱར་ཐོན་པའི་བྱ་གཞག་ཅིག་རེད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་བྱེད་པའི་ཁ་ཚ་དགོས་གཏུགས་དང་དཀའ་ཚེགས་ཆེ་ཚུལ་ལ་ངོས་འཛིན་གསལ་པོ་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་གལ་འགངས་དང་དགོས་པ་ཆེ་ཆུང་ལ་ངོས་འཛིན་གསལ་པོ་བྱེད་དགོས།

དབུལ་གྲོལ་འགག་སྒྲོལ་སྐོར། ༼ ༢༣ ༽

དབུལ་སྐྱོར་ལས་དོན་ངེས་པར་དུ་དངོས་སྒྲུབ་དང་། དབུལ་གྲོལ་གྱི་བརྒྱུད་རིམ་ངེས་པར་དུ་ཏན་ཏིག དབུལ་པོ་ངོ་མ་དབུལ་སྐྱོར་དང་དངོས་འབྲེལ་དབུལ་སྐྱོར། དབུལ་གྲོལ་གྱི་གྲུབ་འབྲས་ངེས་པར་དུ་དོན་དངོས་དང་མཐུན་པ་བཅས་བྱས་ནས་དབུལ་གྲོལ་ཕན་འབྲས་ལ་མང་ཚོགས་ཀྱི་ཁས་ལེན་ཐོབ་པ་དང་། ལག་ལེན་དང་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པ་བྱེད་དགོས་པ་ལས་ཕྱི་ཚུལ་ཙམ་དང་འདྲ་ཆགས་པོ་གཏན་ནས་བྱེད་མི་རུང་།

གཞོན་ནུར་དམངས་དོན་ཁྲིམས་གཞུང་གི་སློབ་གསོ་གཏོང་བར་ཤུཌ་རྒྱག་དགོས།

དམངས་དོན་ཁྲིམས་གཞུང་རྒྱལ་དམངས་སློབ་གསོའི་ཁོངས་སུ་བཅུག་ནས། གཞོན་ནུ་ལོ་ཆུང་ལ་དམངས་དོན་ཁྲིམས་གཞུང་གི་སློབ་གསོ་གཏོང་བར་ཤུགས་སྣོན་རྒྱག་དགོས། དམངས་དོན་ཁྲིམས་གཞུང་གི་སྤྱིའི་རྩ་དོན་དང་བྱེ་བྲག་རྩ་དོན་ཁག་ལ་དམིགས་དགོས་ན་ལྟེ་བའི་ནང་དོན་གཙོ་བོ་དང་གནད་དོན་གལ་ཆེན་ཁོང་དུ་ཆུད་པར་བྱེད་དགོས།

དབུལ་གྲོལ་འགག་སྒྲོལ་སྐོར། ༼ ༢༢ ༽

དཔྱད་ཞིབ་དང་ལྟ་སྐུལ་ནན་པོ་བྱེད་དགོས། གང་ཡིན་ཟེར་ན། ཀྲུང་དབྱང་གིས་དབུལ་གྲོལ་འགག་སྒྲོལ་གྱི་དམིགས་ཚད་ཁ་གསལ་བཟོས་རྗེས་ས་གནས་ལ་ཕྱོགས་ལྷུང་གཉིས་བྱུང་ཡོད། གཅིག་ནི་བྲེལ་འཚུབ་བྱེད་པ་དེ་རེད། ས་གནས་ཁ་ཤས་ཀྱིས་འཕྲལ་ཕན་འཕྲལ་གཉེར་བྱས་ནས་དབུལ་གྲོལ་གྱི་དམིགས་ཚད་བསྒྲུབ་རྒྱུར་བྲེལ་འཚུབ་བྱེད་པ་དང་། ཁ་ཤས་ཀྱིས་དབུལ་གྲོལ་བརྟན་པོ་ཡོང་བར་བསམ་བློ་མི་གཏོང་བར། ལོ་དེའི་ཡོང་འབབ་ཁོ་ན་བརྩི་བ་ལས་མི་འབོར་དབུལ་པོར་རྩིས་རྒྱག་གི་མེད།

འཕེལ་རྒྱས་གཏོང་དགོས་ན་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་སྐྲུན་དགོས།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ན། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་སྐྲུན་དགོས། འདི་ནི་རང་རྒྱལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་དམིགས་ཚད་རེད། འཐབ་ཇུས་ཀྱི་དམིགས་ཚད་འདི་མངོན་དུ་འགྱུར་བར་ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱར་སྟངས་འཛིན་ནན་པོ་བྱས་ཏེ། སྤུས་ཚད་ཨང་དང་པོ་དང་ཕན་འབྲས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས།

དབུལ་གྲོལ་འགག་སྒྲོལ་སྐོར། ༼ ༢༡ ༽

ལས་དོན་ལ་དམ་འཛིན་བྱེད་པར་བློ་སྟོབས་ཆེན་པོ་དགོས་ལ། ཚན་རིག་དང་མཐུན་པའི་རྣམ་འགྱུར་དེ་བས་ཀྱང་ཡོད་དགོས། དབུལ་གྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་ནི་ལས་འགུལ་སྤེལ་བ་ཙམ་དང་རླུང་འཚུབ་ཐེངས་གཅིག་ཙམ་མ་ཡིན་པར་དངོས་འབྲེལ་དབུལ་སྐྱོར་དང་། དབུལ་པོ་ངོ་མ་དབུལ་སྐྱོར། དངོས་འབྲེལ་དབུལ་གྲོལ་བཅས་ཐུབ་པ་བྱེད་དགོས་ལ། ལོ་རྒྱུས་ཀྱི་ཞིབ་དཔྱད་ཐེག་པའང་བྱེད་དགོས། འགག་སྒྲོལ་དམག་འཐབ་རྒྱག་པའི་འགག་རྩ་ནི་གནད་ལ་འཁེལ་བ་དང་ཏན་ཏིག་བསྒྲུབ་རྒྱུ་དེ་རེད།

དབུལ་གྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་ནི་ལས་སླ་པོ་ཞིག་གཏན་ནས་མིན།

དབུལ་གྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་ནི་ལས་སླ་པོར་ཐག་གཅོད་ཐུབ་པ་ཞིག་གཏན་ནས་མིན་པས། ཏང་ཡོངས་ཀྱིས་ངེས་པར་དུ་ངོས་འཛིན་ཟབ་མོ་བྱེད་དགོས། ཀྲུང་གོའི་གྲོང་གསེབ་དབུལ་སྐྱོར་གསར་སྤེལ་གྱི་རྩ་གནད༼ སྤྱི་ལོ ༢༠༡༡ ལོ་ནས་སྤྱི་ལོ ༢༠༢༠༢ ལོ་བར ༽ཀྱི་བླང་བྱ་ལྟར། ལོ་ལྔ་ཚན་བཅུ་གསུམ་པའི་རིང་གི་དབུལ་གྲོལ་འགག་སྒྲོལ་གྱི་དམིགས་ཚད་ནི་སྤྱི་ལོ ༢༠༢༠ ལོར་སླེབས་སྐབས་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་མངོན་འགྱུར་བྱེད་རྒྱུ་དེ་ཡིན།

དབུལ་གྲོལ་འགག་སྒྲོལ་སྐོར། ༼ ༢༠ ༽

​དཔྱད་ཞིབ་ལ་ཤུགས་སྣོན་བརྒྱབ་ནས་ཕན་འབྲས་ཐོན་པ་བྱེད་དགོས། ལམ་ལུགས་ནན་པོར་བརྟེན་ནས་བླང་བྱ་འདོན་པ་དང་ལྟ་སྐུལ་བྱས་ཏེ། སྒྲུབ་དང་མི་སྒྲུབ་གཅིག་པར་བརྩི་མི་རུང་བ་དང་ལས་ཀ་མང་པོ་བྱས་དང་མ་བྱས་གཅིག་པར་བརྩི་མི་རུང་། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་ལས་དོན་གྱི་དཔྱད་ཞིབ་གདེང་འཇོག་དམིགས་ཚད་དུས་ཚོད་དམ་འཛིན་གྱིས་བཟོ་དགོས།

ངས་དབུལ་སྐྱོར་དེ་ཐོག་མཐའ་བར་གསུམ་དུ་དོན་ཆེན་ཞིག་ལ་བརྩི་གི་ཡོད།

ལོ་བཅུ་གྲངས་རིང་གི་དབུལ་པོ་ཉུང་གཏོང་བྱ་གཞག་གི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་སྐབས། ང་ལ་མྱོང་ཚོར་ཟབ་མོ་བྱུང་། དུས་རབས་གོང་མའི་ལོ་རབས་དྲུག་ཅུ་པའི་དུས་མཇུག་ཏུ་ལོ་བཅུ་དྲུག་ལའང་མ་སླེབས་པའི་ང་རང་ཧྲའན་པེ་ཡི་གྲོང་ཚོ་ཆུང་ཆུང་ཞིག་ཏུ་ཞིང་ལས་ལོ་བདུན་བྱས་པ་ཡིན། སྐབས་དེ་དུས་ཀྲུང་གོའི་གྲོང་གསེབ་ཀྱི་དབུལ་པོའི་གནས་ཚུལ་གྱིས་ང་ལ་བརྗེད་པར་དཀའ་བའི་བག་ཆགས་བཞག་བྱུང་།

དབུལ་གྲོལ་འགག་སྒྲོལ་སྐོར། ༼ ༡༩ ༽

ལོ་འཁོར་གྱི་དབུལ་གྲོལ་འགག་སྒྲོལ་གྱི་སྙན་ཞུ་དང་ལྟ་བཤེར་གྱི་ལམ་ལུགས་བཙུགས་ནས། ལྟ་བཤེར་དང་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་བརྒྱབ་སྟེ། སྟོན་ཕྱོགས་བསྟན་པ་དང་སྒྲིག་ལམ་ནན་དུ་གཏོང་དགོས།

འགན་འཁྲི་ཆེན་པོ་འཁུར་ཕོད་པའི་དུས་རབས་ཀྱི་མི་གསར་སྐྱོང་དགོས།

དྲིལ་བསྒྲགས་བསམ་བློའི་ལས་དོན་ནི་མི་ཇི་ལྟར་བྱེད་པའི་ལས་ཀ་ཞིག་ཡིན་པས། མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་ཕོད་པའི་དུས་རབས་ཀྱི་མི་གསར་བསྐྱང་རྒྱུ་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩི་དགོས། ཕུགས་བསམ་དང་དད་སེམས་བརྟན་པོར་བརྟེན་ནས་བསམ་པའི་རྨང་གཞི་བརྟན་དུ་གཏོང་བ་རེད།

དབུལ་གྲོལ་འགག་སྒྲོལ་སྐོར། ༼ ༡༨ ༽

ཁུལ་རྙིང་གི་དབུལ་གྲོལ་ཕྱུག་འགྱུར་གོམ་སྟབས་སྤོ་མགྱོགས་སུ་གཏོང་བར། ངེས་པར་དུ་དངོས་འཛིན་དངོས་སྒྲུབ་དང་གནད་སྨིན་དབུལ་སྐྱོར་གྱི་བླང་བྱ་ལག་བསྟར་བྱས་ནས། དམིགས་ཚད་ཁ་གསལ་དང་། ལས་འགན་ཁ་གསལ། འགན་འཁྲི་ཁ་གསལ། བྱ་ཐབས་ཁ་གསལ། གནད་སྨིན་ཤུགས་འདོན་བྱེད་དགོས།

དབུལ་གྲོལ་འགག་སྒྲོལ་སྐོར། ༼ ༡༧ ༽

དུས་ཐུང་ནང་དབུལ་པོ་ཆགས་མི་སྲིད་ལ། དབུལ་པོ་ལས་སྒྲོལ་རྒྱུ་ཡང་སྐད་ཅིག་གི་བྱ་བ་ཞིག་མིན། དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་ཡག་པོ་སྒྲུབ་པར། ངེས་པར་དུ་བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པའི་ངར་ཤུགས་ལ་བརྟེན་པ་དང་གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། སྙིང་རུས་ལྡབ་བརྒྱ་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་དམ་འཛིན་བྱེད་དགོས།

འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་ཞིག་གཏོད་དགོས།

དམག་དོན་སྲིད་ཇུས་ལམ་ལུགས་ནི་རང་རེའི་ཏང་གིས་རྒྱལ་སྲིད་སྐྱོང་བའི་འགན་ལེན་གལ་ཆེན་ཞིག་ཡིན་པ་དང་། དམག་དོན་སྲིད་ཇུས་ལམ་ལུགས་བསྒྱུར་བཅོས་ནི་རང་དམག་ལ་ལམ་ལུགས་རང་བཞིན་གྱི་བསྐྱར་སྒྲིག་བྱེད་པ་ཞིག་ཡིན་པས། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་བྱེད་པ་དང་མི་དམངས་དམག་དཔུང་འདི་ཉིད་ཕྱོགས་ཡོངས་ནས་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་ཞིག་ཏུ་གཏོད་པ་དང་འབྲེལ་བ་ཡོད།

དབུལ་གྲོལ་འགག་སྒྲོལ་སྐོར། ༼ ༡༦ ༽

དབུལ་གྲོལ་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པར་རྒྱལ་ཕམ་གྱི་རྩ་བ་ནི་གནད་སྨིན་ལ་ཐུག་ཡོད། ཡིག་ཚགས་དང་གཱ་བཟོ་རྒྱུ་མུ་མཐུད་འཐུས་ཚང་དུ་གཏོང་བ་དང་གྲངས་གཞི་མཉམ་སྤྱོད་དང་གྲངས་གཞི་དབྱེ་ཞིབ་ལ་ཤུགས་སྣོན་བརྒྱབ་སྟེ། སྤྱི་ཁོག་སྲིད་ཇུས་དང་ལས་དོན་མཛུབ་ཁྲིད་ལ་འདེགས་སྐྱོར་མཁོ་འདོན་བྱེད་རྒྱུ་དེ་གཙོ་གནད་ཡིན་པ་རེད།

དབུལ་གྲོལ་འགག་སྒྲོལ་སྐོར། ༼ ༡༥ ༽

གནད་སྨིན་གྱི་ཐབས་ཇུས་མཐའ་འཁྱོངས་བྱས་ནས་དབུལ་གྲོལ་གྱི་ཕན་འབྲས་དངོས་ཆེ་རུ་གཏོང་དགོས། དབུལ་གྲོལ་འགག་སྒྲོལ་བྱེད་པར་གནད་སྨིན་ནི་འགག་རྩ་རེད། ངེས་པར་དུ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་གྲོལ་མཐའ་འཁྱོངས་བྱེད་དགོས།

དབུལ་གྲོལ་ཐུབ་ཚེ་དབུལ་སྐྱོར་གསར་སྤེལ་ལ་གཞི་ནས་རྒྱལ་ཁ་ལེན་ཐུབ།

ད་ཆ་དབུལ་སྐྱོར་གསར་སྤེལ་མཐའ་མཇུག་གི་མཁར་རྫོང་གཏོར་བའི་དུས་མཚམས་སུ་སླེབས་ཡོད་པས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག དབུལ་སྐྱོར་འགག་སྒྲོལ་གྱི་དམག་འཐབ་ནས་དབུལ་གྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་འགྱུར་ལྡོག་བཏང་ཡོད།

དབུལ་གྲོལ་འགག་སྒྲོལ་སྐོར། ༼ ༡༤ ༽

དབུལ་གྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པའི་འགག་རྩ་ནི་ཡང་ནས་བསྐྱར་དུ་གཅིག་སྡུད་དང་ཡང་ནས་བསྐྱར་དུ་གནད་སྨིན་ཡོང་བ་བྱས་ཏེ་དེ་བས་གཅིག་སྡུད་ཀྱི་རྒྱབ་སྐྱོར་བྱེད་པ་དང་། དེ་བས་ནུས་ལྡན་གྱི་བྱེད་ཐབས་སྤྱོད་པ། དེ་བས་ཞིབ་ཚགས་ཀྱི་ལས་དོན་སྒྲུབ་པ་བཅས་བྱས་ནས་དམིགས་གཏན་འཁེལ་བའི་མང་ཚོགས་དབུལ་པོར་གནད་སྨིན་རོགས་སྐྱོར་བྱེད་རྒྱུ་དེ་རེད།

དབུལ་ཕོངས་ཀྱི་གནས་ལས་སྒྲོལ་བ་ནི་སྲིད་སྐྱོང་གི་དོན་ཆེན་ཞིག་རེད།

དབུལ་ཕོངས་ཀྱི་གནས་ལས་སྒྲོལ་བ་ནི་གནའ་དེང་ཀྲུང་ཕྱིའི་རྒྱལ་སྲིད་སྐྱོང་བའི་དོན་ཆེན་ཞིག་རེད། དབུལ་ཕོངས་སེལ་བ་དང་། དམངས་འཚོ་ལེགས་གཏོང་། རིམ་བཞིན་ཐུན་མོང་ཕྱུག་འགྱུར་བཅས་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་རེད་ལ། རང་རེའི་ཏང་གི་ལས་འགན་གལ་ཆེན་ཞིག་ཀྱང་རེད།

དབུལ་གྲོལ་འགག་སྒྲོལ་སྐོར། ༼ ༡༣ ༽

སྐབས་ཤིག་རིང་ལ། དཔྱད་གཞི་ཁག་གཅིག་ནང་ས་ཁུལ་ལ་ལས་དབུལ་པོ་དབྱེ་འབྱེད་དང་དབུལ་སྐྱོར་གནད་དུ་སྨིན་པ་བྱ་ཆེད། གཞི་རིམ་དུ་རེའུ་མིག་འབོར་ཆེན་ཞིག་རྒྱོང་དུ་འཇུག་གི་ཡོད། གཞི་རིམ་གྱི་ལས་བྱེད་པ་ཁག་གཅིག་རེའུ་མིག་སྣ་ཚོགས་རྒྱོང་བར་བྲེལ་ནས་ལས་དུས་འཕར་མ་བྱས་ཏེ་སྡོད་དགོས་ཀྱི་ཡོད། དེར་བརྟེན་ཐ་ན་གྲོང་ཚོ་དང་དུད་ཚང་དུ་བརྟག་དཔྱད་བྱེད་པ་དང་བྱ་བ་དངོས་སྒྲུབ་པའི་ཁོམ་པ་མེད་པ་རེད།

འབྲུབ་འགོག་གེཌ་སེལ་གྱི་བྱེད་ཐབས་ཁག་ལ་དམ་འཛིན་ཏན་ཏིག་བྱེད་དགོས།

རྒྱལ་ཡོངས་ཀྱི་འབྲུབ་འགོག་ལས་དོན་ཆར་ཞོད་ཆེ་བའི་ཟླ་བ་བདུན་པའི་ཟླ་སྨད་དང་ཟླ་བ་བརྒྱད་པའི་ཟླ་སྟོད་ཀྱི་དུས་མཚམས་སུ་སླེབས་པ་དང་། འབྲི་ཆུ་རྒྱུག་ཁུལ་གྱི་དབུས་རྒྱུད་དང་སྟོད་རྒྱུད་ས་ཁུལ་དུ་སྔར་བཞིན་ཆར་པ་མང་པོ་འབབ་པ་དང་། རྨ་ཆུའི་དབུས་རྒྱུད་དང་། སྟོད་རྒྱུད། ཧའེ་ཧོ་གཙང་པོ། སུང་ཧྭ་ཅང་གཙང་པོ། ཧོའེ་ཧོ་གཙང་པོ་རྒྱུག་ཁུལ་བཅས་སུ་འབྲུབ་ཆུ་རྒྱས་པའི་སྣང་ཚུལ་ཚབས་ཆེན་ཐོན་སྲིད།

དབུལ་གྲོལ་འགག་སྒྲོལ་སྐོར། ༼ ༡༢ ༽

སྐབས་ཤིག་རིང་ལ། དཔྱད་གཞི་ཁག་གཅིག་ནང་ས་ཁུལ་ལ་ལས་དབུལ་པོ་དབྱེ་འབྱེད་དང་དབུལ་སྐྱོར་གནད་དུ་སྨིན་པ་བྱ་ཆེད། གཞི་རིམ་དུ་རེའུ་མིག་འབོར་ཆེན་ཞིག་རྒྱོང་དུ་འཇུག་གི་ཡོད། གཞི་རིམ་གྱི་ལས་བྱེད་པ་ཁག་གཅིག་རེའུ་མིག་སྣ་ཚོགས་རྒྱོང་བར་བྲེལ་ནས་ལས་དུས་འཕར་མ་བྱས་ཏེ་སྡོད་དགོས་ཀྱི་ཡོད།

ཞིང་ལས་དེང་རབས་ཅན་གྱི་འགག་རྩ་ནི་ཚན་རྩལ་རེད།

ཞིང་ལས་དེང་རབས་ཅན་གྱི་འགག་རྩ་ནི་ཞིང་ལས་ཚན་རྩལ་དེང་རབས་ཅན་རེད། ཞིང་ལས་དང་ཚན་རྩལ་མཉམ་འདྲེས་ལ་ཤུགས་སྣོན་དང་ཞིང་ལས་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་ནས། ཚན་ཞིབ་མི་སྣས་དཔྱད་རྩོམ་ས་གཞི་ཆེན་པོའི་ངོས་སུ་བྲིས་ཏེ། ཞིང་པར་ལག་རྩལ་ལེགས་ཤོས་ལ་བརྟེན་ནས་འབྲུ་རིགས་ཡག་ཤོས་འདེབས་སུ་འཇུག་དགོས།

དབུལ་གྲོལ་འགག་སྒྲོལ་སྐོར། ༼ ༡༡ ༽

གནད་སྨིན་དབུལ་སྐྱོར་བྱེད་པར། འགག་རྩ་ནི་དབུལ་སྐྱོར་བྱེད་ཡུལ་གསལ་པོ་ཤེས་པ་དང་། ཁོང་ཚོའི་ཁྱིམ་གྱི་གནས་ཚུལ་མཐིལ་རྟོགས་གསལ་པོ་བྱེད་རྒྱུ་ནི་སྔོན་འགྲོའི་ཆ་རྐྱེན་རེད། སེམས་ལ་གདེང་ཚོད་ཡོད་ན་གཞི་ནས་ལས་ཀར་ཁ་ཕྱོགས་ཡོད། གལ་ཏེ་སུ་ཞིག་མི་འབོར་དབུལ་པོ་ཡིན་པའང་གསལ་པོ་མ་ཤེས་ན། དབུལ་སྐྱོར་ཇི་ལྟར་བྱེད་དགོས་སམ། དབུལ་སྐྱོར་བྱེད་ཡུལ་གསལ་པོ་དགོས་ན། ངེས་པར་དུ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་དགོས།

ཞི་ཅིན་ཕིང་གིས་ལོ་ཆུང་གདོང་ལེན་རུ་ཁག་ལ་འདི་འདྲ་གསུངས་འདུག

དུས་རབས་གསར་པར་ལོ་ཆུང་གདོང་ལེན་རུ་ཁག་གིས་རུ་དར་མཐོན་པོར་བསྒྲེངས་ནས་ཏང་གི་རྗེས་སུ་འབྲང་བ་དང་། གསར་བརྗེའི་ས་བོན་རྒྱུན་འཛིན། དུས་རབས་ཀྱི་མི་གསར་སྐྱོང་བ། རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མིར་མཐུན་སྒྲིལ་དང་། སློབ་གསོ། སྣེ་ཁྲིད་བྱས་ཏེ་གུང་ཁྲན་རིང་ལུགས་བྱ་གཞག་གི་རྒྱུན་འཛིན་བ་བཅས་བྱེད་དགོས།

དབུལ་གྲོལ་འགག་སྒྲོལ་སྐོར། ༼ ༡༠ ༽

གནད་སྨིན་དབུལ་སྐྱོར་བྱེད་སྐབས། དབུལ་སྐྱོར་བྱེད་ཡུལ་ལ་དོ་དམ་ཞིབ་ཚགས་དང་། དབུལ་སྐྱོར་ཐོན་ཁུངས་ལ་བཀོད་སྒྲིག་ཞིབ་ཚགས། དབུལ་སྐྱོར་བྱེད་ཡུལ་ལ་གནད་སྨིན་རོགས་སྐྱོར་བཅས་བྱས་ཏེ། དབུལ་སྐྱོར་གྱི་ཐོན་ཁུངས་དབུལ་སྐྱོར་བྱེད་ཡུལ་དང་ས་ཁུལ་དབུལ་པོར་དངོས་སུ་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས།

འབྲུབ་འགོག་གེཌ་སེལ་གྱི་འཐབ་ས་དང་པོར་ཏང་དར་གཡོ་བར་བྱེད་དགོས།

རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཡུལ་ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་འདེད་དང་ཡུལ་ཕྱོགས་གཅིག་གི་བདེ་འཇགས་སྲུང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་ནས། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་དགོས།

དབུལ་གྲོལ་འགག་སྒྲོལ་སྐོར།༼ ༩ ༽

དབུལ་ཕོངས་ཁྱད་བསད་དང་དམངས་འཚོ་ལེགས་བཅོས་བྱས་ཏེ་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུ་ནི། སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་ཐོག་གི་བླང་བྱ་ཡིན། དཀའ་ངལ་ཅན་གྱི་མང་ཚོགས་ལ་ང་ཚོས་དམིགས་བསལ་གྱིས་དོ་སྣང་དང་། དམིགས་བསལ་གྱིས་ཤ་ཚ་བ། དམིགས་བསལ་གྱིས་སེམས་ཁུར་བཅས་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་ཁོང་ཚོར་དཀའ་ཁག་སེལ་རོགས་དང་། མང་ཚོགས་ཀྱི་བདེ་སྡུག་དང་ཚ་གྲང་དུས་དང་རྣམ་པ་ཀུན་ཏུ་སེམས་ལ་འཛིན་པ། ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པར་བྱེད་དགོས།

འབྲུབ་འགོག་གེགས་སེལ་ཡག་པོ་བྱེད་དགོས་པ་གལ་འགངས་ཧ་ཅང་ཆེ།

འབྲུབ་འགོག་གེགས་སེལ་ནི་མི་དམངས་ཀྱི་ཚེ་སྲོག་གམ་རྒྱུ་ནོར་གྱི་བདེ་འཇགས་དང་འབྲེལ་བ་ཡོད་ལ། འབྲུ་རིགས་དང་། དཔལ་འབྱོར། སྤྱི་ཚོགས། རྒྱལ་ཁབ་བཅས་ཀྱི་བདེ་འཇགས་དང་ཡང་འབྲེལ་བ་ཡོད། ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་ལོ་རེད་ལ། ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ཀྱི་མཇུག་བསྡུའི་ལོའང་ཡིན་པས། འབྲུབ་འགོག་གེགས་སེལ་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་ནི་གལ་འགངས་ཧ་ཅང་ཆེ།

དབུལ་གྲོལ་འགག་སྒྲོལ་སྐོར། ༼ ༨ ༽

ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱེད་རིང་གྲངས་ཉུང་མི་རིགས་གཅིག་ཀྱང་མི་ཆད་པ་དང་གཅིག་ཀྱང་མི་ལུས་པ་བྱེད་དགོས། དུས་ཚོད་ཀྱིས་སྒུག་མི་སྲིད་པའི་འགན་འཁུར་གྱི་སྙིང་སྟོབས་དང་། ལས་ཀའི་བསམ་ཕྱོགས་གསར་གཏོད། རོགས་སྐྱོར་བྱེད་ཤུགས་ཆེར་གཏོང་། ཡུལ་བབ་དང་བསྟུན་པ། གནད་སྨིན་ཤུགས་འདོན་བཅས་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་དབུལ་གྲོལ་དཀའ་གནད་དུས་བཀག་ནང་སེལ་ཐུབ་པའི་འགན་ལེན་དང་མི་རིགས་ཁག་གི་མང་ཚོགས་དུས་བཀག་ནང་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས།

དབུལ་གྲོལ་འགག་སྒྲོལ་སྐོར། ༼ ༧ ༽

དབུལ་སྐྱོར་ལས་བྱེད་པ་གྲོང་ཚོར་དངོས་འབྲེལ་སེམས་གནས་ཐུབ་པ་དང་ལུས་ཚུགས་ཐུབ་པ་བྱས་ཏེ་ལས་དོན་སྒྲུབ་དགོས། ཤིན་ཏུ་དབུལ་བའི་ས་ཁུལ་རྣམས་ལས་བྱེད་པར་སྦྱོང་བརྡར་སྤྲོས་ས་དང་ལས་བྱེད་པ་འདེམས་བསྐོའི་ལས་སྟེགས་གལ་ཆེན་དུ་བརྩི་དགོས། དབུལ་སྐྱོར་ལས་བྱེད་པས་དངོས་འབྲེལ་སེམས་གནས་ཐུབ་པ་དང་ལུས་ཚུགས་ཐུབ་པ་བྱས་ནས་གྲོང་ཚོའི་ནང་མང་ཚོགས་དང་མཉམ་དུ་ལས་དོན་ཏན་ཏིག་སྒྲུབ་པ་ལས། ཕྱི་ཚུལ་ཙམ་དང་ཁུངས་མ་འཁྱོལ་བ་གཏན་ནས་བྱ་མི་རུང་།

དབུལ་གྲོལ་འགག་སྒྲོལ་སྐོར།༼ ༦ ༽

དུས་བབ་གསར་པའི་འོག་ཤར་རྒྱུད་དང་ནུབ་རྒྱུད་དབུལ་སྐྱོར་མཉམ་ལས་དང་ཁ་གཏད་རོགས་སྐྱོར་དེ་་གཞན་བརྟེན་ནས་རང་བརྟེན་དུ་འགྱུར་རྒྱུར་དོ་སྣང་བྱས་ནས་གཉིས་ཁེ་གཉིས་ཕན་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱེད་དགོས། ནུབ་རྒྱུད་ས་ཁུལ་གྱི་ཐོན་ལས་ཀྱི་འདེགས་སྐྱོར་དང་སྐུལ་ཁྲིད་ནུས་པ་ཆེན་པོ་མེད་ལ་རང་བརྟེན་ནུས་པ་བལྟོས་བཅས་ཀྱིས་ཞན་ཙམ་ཡོད་པས། སྔོན་ཆད་ཀྱི་ཕྱོགས་རྐྱང་པ་དང་། དུས་ཚོད་ཐུང་བ། སྐྱོབ་གསོ་རྣམ་པ་བཅས་ཀྱི་རྒྱུ་དངོས་ཁོ་ནའི་རོགས་སྐྱོར་ལ་བརྟེན་ཚེ་གནད་དོན་རྦད་དེ་ཐག་གཅོད་ཐུབ་ཁག་པོ་རེད།

ང་ས་གནས་ལ་བརྟག་ཞིབ་ཏུ་སྐྱོད་དོན་འདི་ཡིན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས། ང་ས་གནས་སུ་བརྟག་ཞིབ་ཐེངས་གཉིས་པ་བྱེད་པར་སྐྱོད་སྐབས། ཧོ་པེ་ཕུའུ་ཕིང་རྫོང་དུ་སླེབས་བྱུང་། ང་ཕྱིས་སུ་ཡང་ས་ཁུལ་དབུལ་པོ་མི་ཉུང་བ་ཞིག་ཏུ་བསྐྱོད་པ་ཡིན། ང་ས་གནས་འདི་དག་ལ་བསྐྱོད་ནས་བརྟག་ཞིབ་བྱེད་པའི་དམིགས་ཡུལ་གཅིག་ལས་མེད། འདི་ནི་དབུལ་པོ་ངོ་མར་ལྟ་བ་དང་། དབུལ་པོ་ངོ་མར་དབུལ་སྐྱོར། དབུལ་སྐྱོར་ངོ་མ་བྱེད་པ་བཅས་ཀྱི་ཆེད་དུ་ཡིན།

གྲོང་གསེབ་ཀྱི་དབུལ་སྒྲོལ་ནི་མངོན་གསལ་དོད་ཤོས་ཀྱི་ཞན་ཆ་རེད།

གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་དབུལ་སྒྲོལ་ནི་མངོན་གསལ་དོད་ཤོས་ཀྱི་ཞན་ཆ་ཞིག་རེད། མ་གཞི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ནི་མི་ཚང་མ་འདྲ་འདྲ་མཉམ་མཉམ་གྱི་འབྱོར་འབྲིང་ཞིག་མིན་མོད། འོན་ཀྱང་གལ་ཏེ་གྲོང་གསེབ་ཀྱི་ད་ཡོད་མི་འབོར་དབུལ་པོ་ཁྲི་བདུན་སྟོང་ལྷག་ཙམ་གྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་ལེགས་སུ་མ་བཏང་ན། ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ལ་མི་རྣམས་ཀྱིས་ཡིད་ཆེས་བྱེད་ཐབས་བྲལ།

དབུལ་གྲོལ་འགག་སྒྲོལ་སྐོར།༼ ༥ ༽

དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་ནང་ཚང་མ་ཞུགས་ན་མཉམ་ཤུགས་གཅིག་ཏུ་སྒྲིལ་ཐུབ། ངེས་པར་དུ་སྲིད་གཞུང་དང་སྤྱི་ཚོགས་ཕྱོགས་གཉིས་པོའི་སྟོབས་ཤུགས་དང་ནུས་པ་གང་ལེགས་འདོན་རྒྱུ་མཐའ་འཁྱོངས་བྱས་ནས། ཆེད་དོན་དབུལ་སྐྱོར་དང་། ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར་བཅས་ཕན་ཚུན་གསབ་རེས་ཀྱི་དབུལ་སྐྱོར་ཆེན་པོའི་རྣམ་པ་གཏོད་པ་དང་། ཕྱོགས་ཁག་གི་ཧུར་སེམས་འཕེལ་བར་བྱེད་པ། ཁྲོམ་རར་སྣེ་ཁྲིད་དང་སྤྱི་ཚོགས་ཀྱིས་མཉམ་དུ་ཤུགས་བརྒྱབ་སྟེ་དབུལ་གྲོལ་འགག་སྒྲོལ་ནང་སྤྱི་ཚོགས་ཡོངས་ཞུགས་པའི་རྣམ་པ་ཞིག་ཆགས་པ་བྱེད་དགོས།

རང་རེའི་ཏང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་ཐུབ་པ་བྱེད་དགོས།

མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ལ་བླ་ན་མེད་པའི་ཆབ་སྲིད་ཀྱི་ཕུགས་བསམ་དང་། མཆོག་ཏུ་གྱུར་པའི་ཆབ་སྲིད་ཀྱི་བརྩོན་ཕྱོགས། དྭངས་ཤིང་གཙང་བའི་ཆབ་སྲིད་ཀྱི་གཤིས་རྒྱུད། དམ་ཞིང་ནན་པའི་ཆབ་སྲིད་ཀྱི་སྒྲིག་ལམ་བཅས་ལྡན་ཡོད། གལ་ཏེ་མར་ཁེ་སི་རིང་ལུགས་སྲིད་ཏང་གི་ཆབ་སྲིད་ཐད་ཀྱི་སྔོན་ཐོན་རང་བཞིན་ཤོར་ན་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ཞེས་པའང་གླེང་ཐབས་བྲལ་ཡོད། དེར་བརྟེན། ང་ཚོས་ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་ཏང་གི་རྩ་བའི་རང་བཞིན་འཛུགས་སྐྱོང་ལ་བརྩི་བའི་རྒྱུ་མཚན་དེ་ཡིན།

དབུལ་གྲོལ་འགག་སྒྲོལ་སྐོར། ༼ ༤ ༽

ད་ཆ། ཀྲུང་གོས་དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་ལ་སྤྱད་དང་སྤྱོད་མུས་ཀྱི་བྱ་ཐབས་གལ་ཆེན་ནི་གནད་སྨིན་དབུལ་སྐྱོར་གྱི་ཐབས་ཇུས་ལག་བསྟར་དང་། དབུལ་པོ་ཆགས་རྐྱེན་འཚོལ་བ། གནད་སྨིན་བྱེད་ཐབས་སྤྱད་དེ་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་རེད། ང་ཚོས་ཀྲུང་གོའི་ལམ་ལུགས་ཀྱི་ལེགས་ཆ་མཐའ་འཁྱོངས་བྱས་ནས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔ་ཡིས་མཉམ་དུ་དབུལ་སྐྱོར་ལ་དམ་འཛིན་གྱིས་རིམ་པ་བཞིན་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པའི་བཅོས་སྐྱོང་རྣམ་པ་ཞིག་གཏོད་དགོས།

མི་འབོར་དབུལ་པོ་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་པར་བྱེད་དགོས།

ཁ་དན་ཚིག་གནས་དང་བྱས་པར་རྗེས་དགོས། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་པ་དང་། རྫོང་དབུལ་པོ་ཚང་མ་དབུལ་ཞྭ་འཕུད་ཐུབ་པ། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་ཕོངས་ཐག་གཅོད་ཐུབ་པ་བཅས་ནི། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་མཐའ་ཚད་ཀྱི་ལས་འགན་རེད་ལ། ང་ཚོའི་བརྗིད་རྔམ་ཆེན་བའི་ཁས་ལེན་ཡང་རེད།

དབུལ་གྲོལ་འགག་སྒྲོལ་སྐོར། ༼ ༣ ༽

དབུལ་གྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་ནི་ལས་འགུལ་སྤེལ་བ་དང་འཕྲལ་སྒྲུབ་བྱེད་ཐེངས་གཅིག་མིན་པས། དབུལ་སྐྱོར་ངོ་མ་དང་། དབུལ་པོ་ངོ་མར་རོགས་སྐྱོར། དབུལ་གྲོལ་ངོ་མ་བཅས་བྱེད་དགོས་པ་དང་། ལོ་རྒྱུས་ཀྱི་ཚོད་བགམ་ཐེག་པ་བྱེད་དགོས། འགག་སྒྲོལ་དམག་འཐབ་ནི་འགག་སྒྲོལ་དམག་འཐབ་ཀྱི་ཐབས་ལ་བརྟེན་ནས་རྒྱག་དགོས་པ་དང་། འགག་རྩ་ནི་གནད་སྨིན་དང་དངོས་སྒྲུབ་ལ་ཐུག་ཡོད། གནད་སྨིན་གྱི་བྱེད་ཐབས་སྤྱད་ཚེ་ནུས་པ་དམིགས་སར་དོན་འཁྱོལ་ཐུབ་པ་དང་། ལས་དོན་ཡག་པོ་སྒྲུབ་པ་དང་བྱེད་ཐབས་གནད་སྨིན་བྱུང་ཚེ་གཞི་ནས་ཕན་ནུས་ཐོན་སྲིད།

རྩ་འཛུཌ་འཛུཌ་སྐྱོང་ནི་ཏང་འཛུཌ་སྐྱོང་གི་རྨང་གཞི་གལ་ཆེན་ཞིག་རེད།

ཏང་གི་རྩ་འཛུགས་ལམ་ཕྱོགས་ནི་ཏང་གི་ཆབ་སྲིད་ལམ་ཕྱོགས་ལ་ཞབས་འདེགས་ཞུ་མཁན་ཞིག་རེད། རང་རེའི་ཏང་གིས་ཡུན་རིང་སྲིད་སྐྱོང་དང་། གསོན་ཤུགས་ནམ་ཡང་གནས་པར་བྱས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བརྒྱུད་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་གལ་འགངས་ཆེ་ཤོས་ནི་ཏང་འདི་ཉིད་དེ་བས་སྟོབས་དང་ལྡན་པ་ཞིག་ཏུ་བསྐྲུན་རྒྱུ་དེ་ཡིན།

དབུལ་གྲོལ་འགག་སྒྲོལ་སྐོར། ༼ ༢ ༽

​འབྱོར་འབྲིང་ཐུབ་མིན་གྱི་འགག་རྩ་ནི་ཡུལ་མི་སྤུན་ཟླར་ཐུག་ཡོད། དེར་བརྟེན་ངས་འབྱོར་འབྲིང་ཐུབ་མིན་གྱི་འགག་རྩ་ནི་ཡུལ་མི་སྤུན་ཟླ་དང་། ལྷག་དོན་དུ་ཡུལ་མི་སྤུན་ཟླ་དབུལ་པོ་དབུལ་གྲོལ་ཐུབ་མིན་ལ་ཐུག་ཡོད་ཅེས་ཤོད་མྱོང་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་ནི་ང་ཚོས་རྒྱལ་ཡོངས་མི་དམངས་ལ་བཞག་པའི་བརྗིད་ཆེའི་དམ་བཅའ་ཞིག་ཡིན་པས། ངེས་པར་དུ་མངོན་འགྱུར་ཡོང་བ་བྱེད་དགོས་པ་མ་ཟད། ཕྱོགས་ཡོངས་ནས་མངོན་འགྱུར་ཐུབ་པའང་བྱེད་དགོས་པ་ལས། ཕྱིར་བཤོལ་རྒྱག་ས་ཡེ་ནས་མེད།

ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཞི་རིམ་ལ་ཁ་ཕྱོགས་དགོས།

​ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ངེས་པར་དུ་ནམ་ཡང་ཚར་དུས་མེད་པའི་ཆོད་སེམས་བརྟན་པོ་དང་བློ་སྟོབས་ཆེན་པོའི་ཐོག་ནས་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཏེ་རང་རེའི་ཏང་ནམ་ཡང་ངོ་བོ་མི་འགྱུར་བ་དང་རྣམ་པ་མི་འགྱུར་བ་བྱེད་དགོས།

དབུལ་གྲོལ་འགག་སྒྲོལ་སྐོར། ༼ ༡ ༽

དབུལ་གྲོལ་འགག་སྒྲོལ་ལ་འཕྲད་པའི་དཀའ་ངལ་དང་འགྲན་སློང་སྔར་བཞིན་ཛ་དྲག་པོ་ཡོད་ལ། ཐག་གཅོད་བྱེད་དགོས་པའི་མངོན་གསལ་དོད་པའི་གནད་དོན་སྔར་བཞིན་མི་ཉུང་བ་ཞིག་ཡོད། སླད་ཕྱིན་གྱི་ལོ་གསུམ་རིང་མི་ཁྲི ༣༠༠༠ ལྷག་ཙམ་དབུལ་གྲོ་ཡོང་བ་བྱེད་དགོས་པར་གནོན་ཤུགས་ཆེ་ལ་དཀའ་གནད་ཀྱང་ཆེན་པོ་འཕྲད་སྲིད་པ་མ་ཟད། ཇི་ཙམ་མཐའ་མཇུག་ཏུ་སླེབས་སྐབས་དཀའ་གནད་ཀྱང་དེ་བས་ཆེ་བ་ཡོད།