རང་ལྗོངས་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་ཤུཌ་སྣོན་བརྒྱབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-04-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་ཆར།  ལྗོངས་ཡོངས་ཀྱི་ནག་སེལ་གཤེད་བཅོམ་དང་ཁྲིམས་འགལ་ལ་རྡུང་རྡེག  ཟང་ཟིང་བཅོས་སྒྲིག་བཅས་བྱེད་པའི་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ལྗོངས་ནག་སེལ་གཤེད་བཅོམ་དང་ཁྲིམས་འགལ་ལ་རྡུང་རྡེག  ཟང་ཟིང་བཅོས་སྒྲིག་བཅས་བྱེད་པའི་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཧོ་ཝུན་ཧའོ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་རང་ལྗོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་ཀྲུང་དབྱང་གི་ནག་སེལ་གཤེད་བཅོམ་ཀྱི་ཆེད་དོན་འཐབ་རྩོད་ཀྱི་ལྟ་སྐུལ་ཞིབ་བཤེར་ལས་ཀའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ།  ལྟ་སྐུལ་མཛུབ་ཁྲིད་ལས་ཀར་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱེད་པ་དང་།  ལས་འགན་ཁ་གསལ་བཟོས་ནས་གཙོ་གནད་དང་དཀའ་གནད་ལ་སྟངས་འཛིན་ཡག་པོ་བྱས་ཏེ་ནག་སེལ་ཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་ལྟ་སྐུལ་ཞིབ་བཤེར་བསུ་བའི་གྲ་སྒྲིག་ལས་དོན་ལེགས་སྒྲུབ་དགོས་པ།  རྡུང་རྡེག་དང་བཅོས་སྒྲིག་གཙོ་དོན་དུ་བཞག་སྟེ་མཉམ་འཛིན་རྒྱུན་འཁྱོངས་བྱེད་པ།  ནག་གཤེད་ཉེས་གསོག་ཚོགས་པ་དང་ཁྲིམས་འགལ་རྩ་འཛུགས།  མགོ་གཉིས་ཤོག་ཁག  མགོ་མཉིས་པ།  བདེ་འཇགས་ཞན་ཁུལ་བཅས་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་བཅོས་སྐྱོང་རྒྱུན་མཐུད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་མཛུབ་སྟོན་བྱས་པ་རེད།།

  ༼  རྩོམ་སྒྲིག་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]