འཐུས་མི་པད་མ་དབང་འདུས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་ལྷ་སའི་གོང་འཕེལ་སྐོར་གླེང་བ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2017-10-21

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཚོགས་ཆེན་བཅུ་དགུ་པའི་འཐུས་མི། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ནས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས།  དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་འབྲེལ་བའི་ཞི་ཅིན་ཕིང་གི་དགོངས་པ་ནི་ཏང་གི་རིགས་གཞུང་གསར་གཏོད་དང་ལག་ལེན་གྱི་འབྲས་བུ་གསར་པ་གཅིག་བསྡུས་ཐོག་མངོན་པ་ཞིག་ཡིན་པས།  ང་ཚོས་ངེས་པར་དུ་གོངས་པའི་མཛུབ་ཁྲིད་འོག་གོང་འཕེལ་དང་བརྟན་ལྷིང་།  སྐྱེ་ཁམས་བཅས་དོན་ཆེན་གསུམ་དང་དམ་པོར་བསྟུན་པ་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུས་འགན་སྲུང་བྱས་ཏེ།  འབྲེལ་བ་བཅུ་གསུམ་ཐག་གཅོད་ཡང་དག་བྱེད་པ་དང་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་ཁྱེར་གཅིག་འདོམས་དང་ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྱོང་།  རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས།  ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བ།  དམངས་འཚོར་བརྟེན་ནས་གྲོང་ཁྱེར་བདེ་འཁོད།  ཁྲིམས་སྐྱོང་ལ་བརྟེན་ནས་གྲོང་ཁྱེར་བཅོས་སྐྱོང་བཅས་བྱེད་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཐོག  མི་དམངས་ཀྱིས་བདེ་སྐྱིད་འཚོ་བར་བཅངས་པའི་རེ་སྨོན་དེ་ནམ་ཡང་འབད་འཐབ་དམིགས་ཚད་ལ་བརྩི་ནས།  ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་ཆེད་ལེགས་སྐྱེས་འབུལ་ཐུབ་པའི་སེམས་ཤུགས་ཡོད་ཅེས་གསུངས་པ་རེད།

པད་མ་དབང་འདུས་ནས།  དེང་སྐབས་ང་ཚོར་འཕྲད་པའི་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་རྒྱུ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་རྒྱུ་དེ་ཡིན་པས།  སྔ་ཕྱི་བར་གསུམ་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ཏེ།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་ལས་འགན་ཁག་དོན་འཁྱོལ་བྱེད་པའི་ཐད་བློ་གྲོས་དང་སྟོབས་ཤུགས་གཅིག་བསྡུས་བྱེད་པ་དང་མཐུན་སྒྲིལ་དང་མཛེས་སྡུག  སྐྱོན་བྲལ།  བདེ་སྐྱིད་བཅས་ལྡན་པའི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པའི་མདུན་སྐྱོད་ཀྱི་གོམ་སྟབས་སྔར་བས་བརྟན་དུ་གཏོང་བ་མ་ཟད།  གོང་འཕེལ་གྱི་འདུ་ཤེས་གསར་པས་ཁྲིད་སྟོན་བྱེད་པ་དང་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་བསམ་བློ་རྒྱུན་འཁྱོངས་བྱས་ནས།  དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱས་ཏེ།  ལྷ་ས་སྔར་བས་གོང་འཕེལ་མགྱོགས་པོ་དང་དམངས་འཚོའི་ཐད་ཀྱི་སྐྱིད་སྣང་སྔར་བས་ཆེ་རུ་གཏོང་བ།  དམིགས་བསལ་རང་བཞིན་མེད་པའི་བསམ་བློ་བརྟན་པོ་བཙུགས་ཏེ།  བསམ་བློའི་ཐོག་ནས་ཏང་འཛུགས་སྐྱོང་དང་ལམ་ལུགས་ཐོག་ནས་ཏང་འཛུགས་སྐྱོང་བྱེད་རྒྱུ་གཅིག་གྱུར་ཡོང་བ་བྱས་ཐོག  སྤྱོད་བཟང་གིས་ཁེངས་པའི་ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་ཤུགས་ཆེ་གཏོད་དེ་ཡིན་མིན་གསལ་འབྱེད་ཀྱི་ལངས་ཕྱོགས་ཤིན་ཏུ་གསལ་བ་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་ལངས་ཕྱོགས་ཤིན་ཏུ་བརྟན་པ།  མི་རིགས་ཁག་གི་མང་ཚོགས་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་ཤིན་ཏུ་ཟོལ་མེད་བཅས་ཀྱི་ལས་བྱེད་དཔུང་ཁག་གཏོད་ཤུགས་ཆེ་རུ་བཏང་ནས།  རིམ་ཁག་ཏང་རྩ་འཛུགས་ཀྱི་རང་ངོས་ལེགས་འགྱུར་དང་འཐུས་ཚང་།  གསར་བརྗེས།  མཐོར་འདེགས་བཅས་ཀྱི་ནུས་པ་ཆེ་རུ་བཏང་སྟེ་གསོན་ཤུགས་དང་འཐབ་རྩོད་ཀྱི་ནུས་པ་ཆེན་པོ་ནམ་ཡང་རྒྱུན་མཐུད་ཐུབ་པ་བཅས་བྱས་ཏེ།  ཏང་གི་སྲིད་འཛིན་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]