ལྷ་ས་ཁྲེང་ཀོན་ཆུས་ཀྱིས་དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་ཞིབ་ཚཌ་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-04-07

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་བསྟུད་མར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་དབུལ་གྲོལ་འགག་སྒྲོལ་གྱི་མཐའ་མའི་རྒྱལ་ཁ་ཕུར་ཐག་ཆོད་པ་ལེན་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ཐེངས་མང་འཚོགས་ཏེ།  ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོའི་ལས་དོན་ཐད་གཙོ་གནད་ཐོག་བཀོད་སྒྲིག་བྱས་པ་རེད།  དེང་སྐབས་ཁྲེང་ཀོན་ཆུས་ཀྱི་རིགས་ཁག་ཚན་པས་ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་།  ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་ཀྱི་སྤྱི་ཟླ་དང་པོ་དང་གཉིས་པའི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར ༨༠༥༥ ཟིན་ནས།  ཡོང་འབབ་ཀྱི་གྲུབ་ཆ་དང་བསྡུར་གྲངས་བཟུང་ཚད་ན་ནིང་གི་དུས་མཚུངས་པ་དང་གཅིག་མཚུངས་བྱུང་སྟེ་འབབ་འཕར་གྱི་རྣམ་པ་བརྟན་པོ་མངོན་ཡོད།   
ཤེས་རྟོགས་བྱས་པར་གཞིགས་ན།  ཁྲེང་ཀོན་ཆུས་ཀྱིས་མཐིལ་གྲངས་ཞིབ་བཤེར་ལས་དོན་སྤེལ་ནས་དུད་ཚང་ ༣༨༣ གྱི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མང་ཚོགས ༡༡༧༣ དང་།  ཡོང་འབབ་དམའ་བའི་མི་ཚོགས་ལ་རིམ་བཞིན་ཞིབ་བཤེར་བྱས་ཏེ་མི ༢༩༡ ལ་ལས་ཀ་ཚོལ་ཐུབ་པ་དང་སྐྱེ་ཁམས་ཁ་གསབ་ལས་གནས་ཐོག་མི་གྲངས ༢༤༢ བཀོད་སྒྲིག་བྱས་པ་རེད།  གནས་སྤོས་དབུལ་སྐྱོར་རྣམ་གྲངས་ལ་སྐུལ་སྤེལ་རྒྱུན་མཐུད་བཏང་བ་བརྒྱུད་ལྷུན་གྲུབ་རྫོང་གི་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའུ་དང་མཉམ་དུ།  དུད་ཚང་ ༦༤ ཡི་གནས་སྤོས་མང་ཚོགས ༣༣༥ ལ་གནས་སྡོད་ཀྱི་རྩིས་སྤྲོད་རྩིས་ལེན་ལས་དོན་ལེགས་སྒྲུབ་བྱུང་ཞིང་མི ༡༩ ལས་ཞུགས་ཐག་གཅོད་བྱས་པ་དང་།  མི ༦༣ གྱི་སློབ་ཞུགས་གནད་དོན་ཐག་གཅོད་བྱས་པ་དང་སྦྲགས་དུས་ཐོག་ཏུ་མ་དངུལ་བགོ་འགྲེམ་བྱས་ཏེ།  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མང་ཚོགས ༡༡༤༠ ལ་ལོ་ལྔ་ཚན་བཅུ་གཉིས་པའི་ཐོན་ལས་ཀྱི་མ་དངུལ་སྒོར་ཁྲི་ཚོ ༣༡༤.༦༤ བགོ་འགྲེམ་བྱས་ཡོད་པས་མི་རེར་ཆ་སྙོམས་འབབ་འཕར་སྒོར ༢༧༦༠ བྱུང་ཡོད།

གཞན་ཡང་།  ཁྲེང་ཀོན་ཆུས་ནས་འཐུང་ཆུའི་བདེ་འཇགས་སྤུས་འབྲས་ལེགས་གཏོང་རྣམ་གྲངས་གསུམ་ལག་བསྟར་བྱས་ཡོད་ཅིང་།  སྡོད་ཁང་གི་བདེ་འཇགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལོགས་ཉེན་ཡོད་པའི་སྡོད་ཁང་བསྒྱུར་བཟོའི་གྲུབ་འབྲས་སྲ་བརྟན་བཏང་ནས།  ཐག་རིང་གྲོང་གསེབ་མང་ཚོགས་ཀྱི་ལོགས་ཉེན་ཡོད་པའི་སྡོད་ཁང་བསྒྱུར་བཟོ་མུ་མཐུད་དོན་འཁྱོལ་ཡག་པོ་བྱས་པ་དང་།  གཞི་རྩའི་སྨན་བཅོས་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་མ་ཟད།  དབུལ་ལོག་ཐེབས་པའི་ཉེན་བརྡའི་ལམ་ལུགས་འཐུས་ཚང་དུ་བཟོས་ནས་གྲངས་གཞི་ཆེ་མོ་བེད་སྤྱད་དེ།  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མང་ཚོགས་དང་ཡོང་འབབ་དམའ་བའི་མང་ཚོགས་དབུལ་ལོག་ཐེབས་རྒྱུ་སྔོན་འགོག་དང་ཚོད་འཛིན་ཡང་བྱས་པ་རེད།། 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]