ཅང་ཅེས་ཆབ་མདོར་དབུལ་གྲོལ་འགག་སྒྲོལ་གྱི་ལས་ཀར་ལྟ་སྐུལ་ཞིབ་བཤེར་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-06-02

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་ལྔ་པའི་ཚེས ༢༧ ནས་ཚེས ༢༩ ཉིན་བར།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཡིས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་དང་ཁ་རུབ་ཆུས་སུ་ཕེབས་ནས།  དབུལ་གྲོལ་འགག་སྒྲོལ་དང་ཞིང་འབྲོག་པའི་སྤོ་འགྱུར་ལས་ཞུགས་སོགས་ཀྱི་ལས་ཀར་མཛུབ་ཁྲིད་གནང་བ་མ་ཟད།  དབུལ་ཕོངས་དུད་ཚང་ཁག་ཏུ་འཚམ་འདྲི་གནང་བ་རེད། 
ཅང་ཅེ་ནས་ཀྲུང་དབྱང་གི་སྐོར་གཟིགས་ཚོགས་ཆུང་གསུམ་པའི་ལན་སྤྲོད་གནད་དོན་བཅོས་སྒྲིག་ལས་དོན་ལ་དམ་འཛིན་བྱས་ཏེ།  ལས་ཀའི་ལམ་སྲོལ་ཁག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཐོག་ལས་ཀའི་རྨང་གཞི་བརྟན་གཏོང་དང་ཆུ་ཚད་མཐོ་རུ་གཏོང་དགོས་པ།  གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པ།  དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ལས་ཀའི་ཇུས་གཞི་བཟོས་ཐོག  ཀྲེ་པུའུ་ཧྲུའུ་ཅི་ཨང་དང་པོ་ཧྲག་འདེམས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་པ།  ཐོན་ལས་གོང་འཕེལ་དམ་འཛིན་བྱས་ཏེ་ཤང་༼གྲོང་རྡལ༽ དང་གྲོང་ཚོ།  དུད་ཚང་བཅས་ཀྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་ངང་ཐོན་ལས་དར་རྒྱས་གོང་འཕེལ་དམིགས་ཚད་བཟོས་ཏེ།  ཞིང་འབྲོག་ཁུལ་གྱི་གོང་འཕེལ་གཏོང་ཤེད་སྔར་བས་ཆེ་རུ་བཏང་སྟེ་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཆུ་ཚད་མཐོ་རུ་གཏོང་དགོས་པ།  དབུལ་གྲོལ་འགག་སྒྲོལ་གྱི་ཡོངས་བཤེར་ཆེ་མོ་བསུ་བའི་གྲ་སྒྲིག་ལས་དོན་ཁག་དམ་འཛིན་བྱེད་པ་དང་།  དཔྱད་གཞི་ལེགས་སྒྲིག་དང་གྲངས་གཞིའི་ཆ་འཕྲིན་ཞིབ་དཔྱད་སོགས་ཀྱི་རྨང་གཞིའི་ལས་དོན་ཡག་པོ་སྒྲུབ་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]