མངའ་རིས་ས་ཁུལ་གྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་གཞི་རིམ་དུ་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-06-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོའི་ཚུན་དུ།  མངའ་རིས་ས་ཁུལ་གྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་ཀར་མཐོང་ཆེན་པོ་བྱས་ནས།  རྫོང་དང་ཤང་༼ གྲོང་རྡལ ༽  གྲོང་ཚོ༼སྡེ་ཁུལ༽བཅས་རིམ་པ་གསུམ་གྱི་མཉམ་འགུལ་དྲ་བ་བཙུགས་ཏེ།  ནུས་ཤུགས་ཡོད་རྒུས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་གཞི་རིམ་དུ་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་བཏང་བས།  དེང་སྐབས་མངའ་རིས་ས་ཁུལ་གྱི་རྫོང་ ༧ དང་ཤང་༼གྲོང་རྡལ༽༣༧  གྲོང་ཚོ༼སྡེ་ཁུལ༽༡༤༥ བཅས་ཚང་མས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་དང་ལག་ལེན་ཟོའོ།  ལག་ལེན་ས་ཚིགས་བཅས་ཀྱི་སྒོ་བྱང་འགེལ་བའི་ལས་དོན་ལེགས་སྒྲུབ་ཟིན་ཡོད། 
དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཚོད་ལྟ་འཛུགས་སྐྱོང་གི་ལས་དོན་སྤེལ་ཚུན།  མངའ་རིས་ས་ཨུད་ཀྱི་འགོ་ཁྲིད་གཙོ་བོས་བཀོད་སྒྲིག་དང་།  དྲིལ་བསྒྲགས་དང་རྩ་འཛུགས།  ནོར་སྲིད།  མི་སྤྱི།  རིག་གནས་སོགས་ཚན་པས་གཞོགས་འདེགས་དམ་ཟབ་བྱས་ནས།  ལས་ཀར་མཛུབ་ཁྲིད་དང་མི་སྣ་བཀོད་སྒྲིག  གྲོན་དངུལ་འགན་སྲུང་བཅས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ།  གཞི་རིམ་གྱི་སེམས་ཁྲལ་སེལ་བ་དང་རྫོང་ཁག་གིས་བློ་ཁོག་ཆེན་པོས་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་པ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོར་གཞིགས་ནས།  མང་ཚོགས་ཀྱི་བསམ་ཕྱོགས་དང་མཐུན་པའི་དྲིལ་བསྒྲགས་སློབ་གསོ་དང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་།  རིག་གནས་ལུས་རྩལ་བྱེད་སྒོ  དང་བླངས་ཞབས་ཞུ་སོགས་ལས་དོན་སྤེལ་ཏེ།  དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་ཀར་རྒྱུན་མཐུད་སྐུལ་འདེད་གཏོང་བཞིན་ཡོད།
མངའ་རིས་ས་ཁུལ་དུ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་ལས་དོན་ལེགས་སྒྲུབ་ཟིན་པ་དེའི་ཐོག་ནས།  ས་ཁུལ་དེ་ཡོངས་ཀྱི་བསམ་བློ་ཁྲིད་སྟོན་དང་ཀུན་སྤྱོད་སློབ་གསོ།  དམངས་ཕན་ཞབས་ཞུ་བཅས་བྱེད་ནུས་གཞི་གཅིག་ཏུ་སྒྲིལ་བའི་གཞི་རིམ་ཕྱོགས་བསྡུས་དྲིལ་བསྒྲགས་སློབ་གསོའི་ཞབས་ཞུའི་ལས་སྟེགས་རགས་ཙམ་སྐྲུན་ཟིན་ནས།  མང་ཚོགས་ལ་དྲིལ་བསྒྲགས་དང་སློབ་གསོ།  ཞབས་ཞུ་བཅས་བྱེད་རྒྱུར་འཕྲད་པའི་མཐའ་མའི་འགག་གནད་སེལ་བ་མཚོན་གྱི་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]