རང་ལྗོངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གཏན་འགོག་གི་དྲིལ་བསྒྲགས་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-06-04

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་ལྗོངས་ཀྱི་སྤྱི་བདེ་ཁོངས་གཏོགས་ནས་འབྲེལ་ཡོད་ཚན་པ་དང་མཉམ་འབྲེལ་བྱས་ཏེ།  ད་ལོའི་སྤྱི་ཟླ་ལྔ་པའི་ཟླ་མཇུག་ནས་སྤྱི་ཟླ་བཅུ་པའི་ཟླ་མཇུག་བར་གྱི་ཟླ་བ་ལྔའི་རིང་།  ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གཏན་འགོག་འགག་སྒྲོལ་ལོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་རྒྱུ་རེད།  གློག་འཕྲིན་དྲ་རྒྱའི་ཐོག་ནས་ཁ་བསླུས་རྒྱག་པའི་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ལ་སྐུལ་སྤེལ་གཏིང་ཟབ་གཏོང་བ་དང་།  ཕྱར་བ་གྲུ་འདེགས་དང་ཐབས་མང་མཉམ་བཟུང་བྱས་ཏེ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་གྱོད་གཞི་ཐོན་ཚད་དང་གྱོང་གུན་ཕོག་ཚད་དུས་མཚུངས་པ་ལས་ཆགས་པ་བྱེད་རྒྱུའི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱ་རྒྱུ་རེད།
གློག་འཕྲིན་དྲ་རྒྱའི་ཐོག་ནས་ཁ་བསླུས་རྒྱག་པའི་ཉེས་གསོག་གི་རིགས་ལ་སྔོན་འགོག་དང་དབྱེ་འབྱེད།  ཁ་གཏད་གཅོག་པ་བཅས་ཀྱི་ནུས་པ་མཐོ་རུ་ཏན་ཏིག་གཏོང་རྒྱུ་མ་ཟད།  གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཐོན་ཚད་རྩ་བའི་ཆ་ནས་ཉུང་དུ་བཏང་ནས་གྱོད་གཞི་དེ་རིགས་ཐོན་རྒྱུ་གཏན་འགོག་ཀྱང་བྱ་ཆེད།  ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོའི་ཐོག་ཕྱོགས་ཁག་གི་ཐོན་ཁུངས་ལ་བརྟེན་ནས་ཏང་སྲིད་ལས་ཁུངས་དང་སློབ་གྲྭ  ཁེ་ལས།  གྲོང་ཁྱེར།  གྲོང་གསེབ།  མི་འདུ་འཛོམས་ཆེ་ས་སོགས་སུ་འབྲེལ་ཡོད་དྲིལ་བསྒྲགས་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་ཏེ།  ཁྱིམ་ཚང་ཚང་མ་དང་མི་ཚང་མས་ཤེས་པ་བྱས་ནས་མི་དམངས་མང་ཚོགས་ཚོའི་རྒྱུ་ནོར་སྲུང་སྐྱོབ་ཏན་ཏིག་ཐུབ་པ་བྱ་རྒྱུ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]