རང་ལྗོངས་ཀྱི་ཁུལ་གསུམ་ཁོངས་གསུམ་གྱི་ཤིན་ཏུ་དབུལ་བའི་ཁུལ་གྱི་གློག་དྲ་འཛུགས་སྐྲུན་བདེ་བླག་ངང་མཇུག་སྒྲིལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ཆབ་མདོ་དང་ནག་ཆུ་སོགས་ཁུལ་གསུམ་ཁོངས་གསུམ་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་བསྐྲུན་ཟིན་པའི་ཐོག་ནས།  རང་ལྗོངས་ཀྱི་ཁུལ་གསུམ་ཁོངས་གསུམ་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་བདེ་བླག་ངང་ལས་མཇུག་སྒྲིལ་བ་མཚོན་གྱི་ཡོད།  ལས་གཞི་དེས་རྫོང་ ༦༩ ཡི་ཤང་༼གྲོང་རྡལ༽ ༣༥༠ ལྷག་ཙམ་གྱི་གྲོང་ཚོ ༤༨༦༠ ལ་ཕན་པ་ཐོབ་ནས།  ཞིང་འབྲོག་དུད་ཚང་ཁྲི་ཚོ ༢༣ གྱི་མང་ཚོགས་ཁྲི་ཚོ ༦༧ ལ་གློག་བེད་སྤྱོད་གནད་དོན་ཐག་གཅོད་དང་ལེགས་བཅོས་ཐུབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  རང་ལྗོངས་ཀྱི་ཁུལ་གསུམ་ཁོངས་གསུམ་གྱི་གློག་དྲ་འཛུགས་སྐྲུན་ལས་གཞི་དེ་སྤྱི་ལོ ༢༠༡༨ ལོར་འགོ་ཚུགས་པ་དང་།  སྤྱིའི་མ་འཇོག་སྒོར་དུང་ཕྱུར་དགུ་བཅུ་ལྷག་ཙམ་ཟིན་ནས།  རྒྱལ་ཡོངས་ཀྱི་ཁུལ་གསུམ་ཁོངས་གསུམ་གྱི་གློག་དྲ་འཛུགས་སྐྲུན་ལས་གཞིའི་སྤྱི་འབོར་གྱི་གསུམ་ཆ་གཅིག་ཙམ་ཟིན་ཡོད།
རང་ལྗོངས་ཀྱི་ཁུལ་གསུམ་ཁོངས་གསུམ་གྱི་གློག་དྲ་འཛུགས་སྐྲུན་ལས་གཞི་སྐྲུན་ཡུལ་མང་ཆེ་བ་ཐག་རིང་ལུང་ཁུག་དང་དཀའ་ཚེགས་ཆེ་བའི་ཁུལ་དུ་གནས་ཡོད་པ་དང་།  ལམ་རྒྱུད་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི ༤༥༠༠ ཟིན་པ་དང་ས་བབ་མཐོ་ཤོས་སུ་སྨི ༥༨༦༠ ཟིན་ཡོད་ལ།  དྲོད་ཚད་དམའ་ཤོས་ཀྱང་ཀླད་ཀོར་འོག་གི་ཨང་གྲངས་བཞི་བཅུ་ལྷག་ཙམ་ཟིན་གྱི་ཡོད།  གཞན་ཡང་།  གྲང་ངར་ཆེ་ཞིང་ས་བབ་མཐོ་བ་དང་ནགས་ཚལ་མེ་ཟོན་སོགས་ཀྱི་ཤུགས་རྐྱེན་ཐེབས་པར་བརྟེན་ལོ་རེའི་ནུས་ལྡན་ལས་ཡུན་ཟླ་བ་དྲུག་ལས་མེད་པ་རེད།
ལས་གཞི་དུས་བཀག་ལྟར་ལེགས་སྒྲུབ་ཐུབ་ཆེད་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས།  ལས་གཞི་འཛུགས་སྐྲུན་གྱི་བརྒྱུད་རིམ་ནང་རང་སྐྱོང་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་གྱི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས།  ས་ཆ་དེ་གའི་ཞིང་འབྲོག་པ་ཁྲི ༡.༥ ལྷག་ཙམ་གློག་དྲའི་ལས་གཞི་འཛུགས་སྐྲུན་ནང་ཞུགས་རྒྱུར་བསྡུས་ཏེ་མང་ཚོགས་ཚོར་འབབ་འཕར་ཡོང་བ་བྱས་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]