རང་ལྗོངས་ཀྱིས་མཐོ་རྒྱུགས་ལས་དོན་བདེ་བླག་ངང་སྤེལ་རྒྱུར་འགན་སྲུང་ནུས་ལྡན་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༧ པའི་ཚེས ༦ ཉིན།  གསར་འགོད་པས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པ་ནས་ཤེས་རྟོགས་བྱས་པར་གཞིགས་ན།  རྒྱལ་ཡོངས་ཀྱི་སྤྱི་ལོ ༢༠༢༠ ལོའི་མཐོ་རྒྱུགས་སྤྱི་ཟླ ༧ པའི་ཚེས ༧ ནས ༩ ཉིན་བར་གཏོང་རྒྱུ་ཡིན་པ་དང་།  ད་ལོ་རང་ལྗོངས་ཀྱིས་སྤྱིར་བཏང་མཐོ་རྒྱུགས་ཀྱི་རྒྱུགས་ཁུལ ༡༠ ཡི་ཡིག་རྒྱུགས་ས་ཚིགས ༣༢ ལ་རྒྱལ་ཁབ་སློབ་གསོ་ཡིག་རྒྱུགས་ཀྱི་ཚད་ལྡན་ཅན་གྱི་རྒྱུགས་ར ༡༠༠༠ ལྷག་ཙམ་བཀོད་སྒྲིག་བྱས་ཡོད།  རྒྱུགས་སྤྲོད་ལྟ་ཞིབ་པ་དང་ཡིག་རྒྱུགས་ལས་དོན་པ ༦༠༠༠ ལྷག་ཙམ་བཀོད་སྒྲིག་བྱས་ཡོད་ཅིང་།  ཡིག་རྒྱུགས་ནང་ཞུགས་མཁན་སློབ་མ ༣༠༠༠༠ ལྷག་ཙམ་ཡོད།
ལྗོངས་ཏང་ཨུད་དང་སྲིད་གཞུང་གི་དབུ་ཁྲིད་གཙོ་བོ་དང་ཁག་བགོས་འགན་འཁུར་དབུ་ཁྲིད་ཀྱིས།  མཐོ་རྒྱུགས་ཀྱི་བདེ་འཇགས་གསང་སྲུང་གི་ལས་དོན་ཐད་བཀོད་སྒྲིག་ཐེངས་མང་གནང་སྟེ།  ནད་ཡམས་འགོག་ཟོན་རྒྱུན་རྣམ་ཅན་དུ་བྱེད་པའི་རྨང་གཞིའི་ཐོག  མཉམ་འགོག་མཉམ་སྲུང་ལ་ཤུགས་སྣོན་རྒྱག་པ་དང་ཡིག་རྒྱུགས་གཏོང་མཁན་ལ་ཞབས་ཞུ་སྒྲུབ་ཤུགས་ཆེ་རུ་བཏང་ནས།  ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་ནན་གསུངས་གནང་ཡོད།
སློབ་གསོ་ཐིང་ནས་ལྗོངས་ཡོངས་ཀྱི་སྤྱི་ལོ ༢༠༢༠ ལོའི་སློབ་གསོ་སློབ་བསྡུའི་ཡིག་རྒྱུགས་ཁོངས་གཏོགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཡིག་རྒྱུགས་ལས་ཀའི་བདེ་འཇགས་ལས་དོན་གྱི་བརྙན་ལམ་ཚོགས་འདུ་ཉིན་ཤས་གོང་འཚོགས་པ་དང་།  གྲོང་ཁྱེར༼ས་ཁུལ༽ཁག་གི་ཚན་པ་ཁག་གིས་རིམ་པ་བཞིན་འགན་འཁྲི་དོན་འཁྱོལ་བྱེད་པ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ།  ཡིག་རྒྱུགས་གོང་གི་ལས་དོན་ཁག་སྒྲིག་འཛུགས་ཞིབ་ཚགས་བྱེད་པ་བཅས་ཀྱི་སྒོ་ནས།  ཡིག་རྒྱུགས་བདེ་བླག་དང་བརྟན་པོའི་ངང་གཏོང་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
སྤྱི་ཟླ ༧ པའི་ཚེས ༥ དང་ ༦ ཉིན།  རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་སྐོར་གཟིགས་ཚོགས་ཆུང ༧ བཏང་སྟེ།  རྒྱུགས་ཁུལ་དང་རྒྱུགས་ར་ཁག་གིས་ནད་ཡམས་འགོག་ཟོན་གྱི་བྱ་ཐབས་དོན་འཁྱོལ་དང་རྒྱུགས་ཤོག་སྲུང་བའི་ལས་དོན།  ཡིག་རྒྱུགས་ལྟ་སྐུལ་པའི་སྦྱོང་བརྡར།  མི་སྣ་བཀོད་སྒྲིག  ཡིག་རྒྱུགས་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་སོགས་ལས་དོན་ཐད་སྐོར་གཟིགས་མཛུབ་ཁྲིད་བྱས་པ་དང་།  རྒྱུགས་ཁུལ་དང་རྒྱུགས་རའི་སློབ་གྲྭ་ཁག་གིས་ཀྱང་སྐོར་གཟིགས་པ་བཀོད་སྒྲིག་བྱས་ཏེ་རང་རྒྱུགས་ཁུལ་དུ་ཡིག་རྒྱུགས་གཏོང་ཚུལ་ཐད་སྐོར་གཟིགས་བྱས་ནས།  ཡིག་རྒྱུགས་ལས་དོན་པ་དང་ཡིག་རྒྱུགས་ནང་ཞུགས་མཁན་སློབ་མའི་ཚེ་སྲོག་བདེ་འཇགས་འགན་ལེན་དང་རྒྱུགས་རའི་སྒྲིག་ཁྲིམས་ནན་གསལ།  ཡིག་རྒྱུགས་འདྲ་མཉམ་དྲང་བཞག་བཅས་ཡོང་བ་བྱེད་རྒྱུ་རེད།
དེང་སྐབས་རང་ལྗོངས་ཀྱི་མཐོ་རྒྱུགས་གོང་གི་གྲ་སྒྲིག་ལས་དོན་ཁག་གོ་རིམ་ལྡན་པ་བྱུང་ནས་འགན་འཁྲི་ཁ་གསལ་དང་ལས་བགོས་ཞིབ་ཚགས།  ཚན་པ་མཉམ་འགུལ།  མཉམ་འགོག་མཉམ་སྡོམ།  མཉམ་འཛིན་མཉམ་སྒྲུབ་བཅས་ཀྱི་ཡིག་རྒྱུགས་བདེ་བླག་ལས་ཀའི་ལམ་སྲོག་ཞིག་ཆགས་ཡོད།  རང་སྐྱོང་ལྗོངས་དང་གྲོང་ཁྱེར༼ས་ཁུལ༽ཁག་གི་སློབ་བསྡུ་ཡིག་རྒྱུགས་ཨུ་ལྷན་གྱིས་ཕྱར་བ་གྲུ་འདེགས་དང་ཐུན་མོང་གཞོགས་འདེགས།  འགན་འཁྲི་དོན་འཁྱོལ་དམ་འཛིན།  གཙོ་གནད་མངོན་ཆེར་འཛིན་པ།  འགག་རྩར་དམ་འཛིན་བཅས་བྱས་ཏེ་རང་ལྗོངས་ཀྱི་མཐོ་རྒྱུགས་ལས་དོན་བདེ་བླག་ངང་སྤེལ་ཐུབ་པ་བྱ་རྒྱུ་རེད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]