ཝུའུ་དབྱིང་ཇེས་ལྷ་སར་ཉིང་ཅི་ཀྲེ་དང་བཞུགས་མོལ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-08-04

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༣ ཉིན།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡིས་རྒྱལ་ཁབ་དབུལ་གྲོལ་འགག་སྒྲོལ་ཡོངས་ཁྱབ་ཞིབ་བཤེར་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ། རྒྱལ་ཁབ་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱི་ཅུད་ཀྲང་ཉིང་ཅི་ཀྲེ་བཅས་པ་དང་བཞུགས་མོལ་གནང་ནས།  རང་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་མཐོར་གཏོང་དང་།  བོད་ཀྱི་གོང་འཕེལ་དང་བརྟན་ལྷིང་།  སྐྱེ་ཁམས་བཅས་ཀྱི་ལས་དོན་ལ་སྐུལ་སྤེལ་གཏོང་རྒྱུའི་ཐད་སྤེལ་རེས་གཏིང་ཟབ་གནང་བ་རེད།  རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཆེ་དགྲ་ལྷ་དང་ཀྲོང་ཡན།  ཡན་ཅིན་ཧའེ།  ནོར་བུ་དོན་གྲུབ།  ལིའུ་ཅང་བཅས་བཞུགས་མོལ་ཚོགས་འདུར་ཕེབས་ཡོད།
ཝུའུ་དབྱིང་ཇེ་ཡིས་དང་ཐོག་ཉིང་ཅི་ཀྲེ་དང་བཅས་པ་རང་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་ལས་ཀར་བརྟག་ཞིབ་མཛུབ་ཁྲིད་གནང་བར་ཕེབས་པར་དགའ་བསུ་ཞུས་གནང་བ་དང་།  རྒྱལ་ཁབ་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱིས་ཡུན་རིང་ནང་བོད་ཀྱི་ལས་དོན་ཁག་ལ་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས།  བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད།
ཝུའུ་དབྱིང་ཇེ་ཡིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་ཀར་དམིགས་ཚད་གཏན་འཁེལ་དང་ཇུས་འགོད་བཀོད་སྒྲིག་གནང་ནས།  དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་པ་དང་རྣམ་གྲངས་གལ་ཆེན་རབ་དང་རིམ་པ་ཇུས་འགོད་གནང་སྟེ།  ང་ཚོས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་གཞི་རྩའི་སྲུང་བྱ་མཁོ་འདོན།  སྒུལ་ཤུགས་ཆེ་མོ་བསྣན་པ་བཅས་གནང་ཡོད་ཅེས་གསུངས་པ་མ་ཟད།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་དབུལ་གྲོལ་འགག་སྒྲོལ་འདི་ཉིད་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་དམངས་འཚོའི་ལས་གཞི་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས་ཏེ།  ཇུས་འགོད་གནད་འཕིགས་དང་མཉམ་ཤུགས་འགག་སྒྲོལ་ཐོག་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་ཚང་མ་དབུལ་གྲོལ་དང་དབུལ་ཕོངས་རྫོང་ཚང་མ་དབུལ་གྲོལ་ཐུབ་པ་བྱས་ཏེ་གཞི་རྩའི་ཆ་ནས་དབུལ་པོ་དབུལ་རྐྱང་མེད་པ་བཟོས་ཡོད།  དབུལ་གྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་བོད་ཀྱི་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་།  ཞིང་འབྲོག་པའི་འཚོ་བའི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཞིང་བསམ་པའི་ཉམས་འགྱུར་གསར་རྐྱང་དུ་གྱུར་བ་དང་།  གཞི་རིམ་ལས་བྱེད་པའི་ལས་ཀའི་སྤྱོད་ཚུལ་སྔར་བས་འགྱུར་ལྡོག་བྱུང་ཡོད་པ།  བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་བྱམས་སྐྱོང་དང་བཀའ་དྲིན་ཆེ་མོ་ཚོར་ཤེས་ཐུབ་ནས།  ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ།  ཏང་གི་རྗེས་སུ་འབྲངས་བ་བཅས་ཀྱི་ཆོད་སེམས་དང་གདེང་ཚོད་སྔར་བས་ཆེ་རུ་ཕྱིན་ཡོད་ཅེས་གསུངས།
ཝུའུ་དབྱིང་ཇེ་ནས་ད་དུང་ཡུན་རིང་ནང་རྒྱལ་ཁབ་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱིས་ལས་དོན་སྤེལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ།  རང་ལྗོངས་ཀྱི་རང་ངོས་གོང་འཕེལ་དང་རང་ངོས་འཐུས་ཚང་གི་ནུས་པ་ཆེ་རུ་ནུས་ལྡན་བཏང་ནས།  བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཡོང་ཆེད་གལ་ཆེའི་ལེགས་སྐྱེས་ཕུལ་ཡོད་ཅེས་མཛུབ་སྟོན་གནང་བ་མ་ཟད།  རྒྱལ་ཁབ་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱིས་སྔར་རྒྱུན་བཞིན་བོད་ཀྱི་གོང་འཕེལ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས།  བོད་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་ཡར་ཀླུང་གཙང་པོའི་ཆུའི་ཐོན་ཁུངས་གསར་སྤེལ།  ཕྱི་ཕྱོགས་ཉོ་ཚོང་དང་བསྡོམས་རྩིས་བྱ་གཞག་སོགས་ཀྱི་ལས་ཀར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ།  བོད་ཀྱིས་དོན་དངོས་དང་འཚམས་པའི་ཕྱོགས་ཡོངས་འབྱོར་འབྲིང་གི་དམིགས་ཚད་མ་ལག་ཆ་ཚང་ཞིག་འཛུགས་རྒྱུར་རོགས་རམ་གནང་རྒྱུའི་ཐུགས་རེ་གནང་བ་རེད།
ཉིང་ཅི་ཀྲེ་ནས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཡུན་རིང་ནང་འཕེལ་བསྒྱུར་དང་བསྡོམས་རྩིས་ལས་ཀར་མཐོང་ཆེན་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་།  རང་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་སྦྲགས།  རྒྱལ་ཁབ་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱིས་བོད་ཀྱི་དགོས་མཁོ་དང་སྦྲེལ་མཐུད་སྔར་བས་གནད་འཕིགས་བྱས་ནས།  རྒྱུན་ཆད་མེད་པར་བོད་སྐྱོར་ལས་ཀའི་གནད་འཕིགས་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་བཏང་ཐོག  བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་རམ་འདེགས་བྱེད་རྒྱུ་ཡིན་ཞེས་གསུངས།
སྤྱི་ཚེས ༣ ཉིན་གྱི་སྔ་དྲོ།  ཉིང་ཅི་ཀྲེ་དང་ཆེ་དགྲ་ལྷ་དང་བཅས་པས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གཞུང་ལས་ཁང་དང་།  ཡབ་མདའ་མངགས་གཏོང་ཁང་དུ་ཕེབས་ནས།  རྒྱལ་ཁབ་ཀྱི་དབུལ་གྲོལ་འགག་སྒྲོལ་ཡོངས་ཁྱབ་ཞིབ་བཤེར་དང་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་གྲ་སྒྲིག་ལས་ཀར་བརྟག་ཞིབ་གནང་བ་མ་ཟད།  བསྡོམས་རྩིས་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོ་པ་ཚོར་འཚམ་འདྲི་གནང་བ་རེད།།
  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]