གཞིས་རྩེའི་སྐྱེ་ཁམས་ཁོར་ཡུག་ལ་ལེགས་བཅོས་ཆེན་པོ་བྱུང་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-08-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལོ་ལྔ་ཚན་བཅུ་གསུམ་པའི་ཚུན་དུ།  གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ཁོངས་ས་ཆ་དང་གྲོང་ཁུལ་སྔོ་འགྱུར་ལ་སྐུལ་འདེད་ནུས་ལྡན་བཏང་ཐོག  སྲུང་སྐྱོང་ཁུལ་གྱི་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་བསྐྲུན་པས།  སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་གྲུབ་འབྲས་བཟང་པོ་ཐོབ་སྟེ།  འབྱུང་འཕྲོད་ཀྱི་རྨང་གཞི་དེ་བས་བརྟན་དུ་ཕྱིན་པ་དང་སྐྱེ་ཁམས་ཁོར་ཡུག་ལ་ལེགས་བཅོས་ཆེན་པོ་བྱུང་ཡོད།

ལོ་ལྔ་ཚན་བཅུ་གསུམ་པའི་རིང་།  གཞིས་རྩེ་གྲོང་ཁྱེར་གྱིས་ནགས་བཟོའི་ལས་འགན་མུའུ་ཁྲི ༢༡༢.༡ ལེགས་སྒྲུབ་བྱས་པ་དང་།  ཁྱོན་མ་དངུལ་སྒོར་དུང་ཕྱུར ༡༠.༧ བཏང་ནས་རྒྱལ་ཁོངས་ས་ཆ་སྔོ་འགྱུར་གྱི་གོམ་སྟབས་རྒྱུན་མཐུད་མགྱོགས་སུ་བཏང་ཡོད།  སྤྱི་ལོ ༢༠༢༠ ལོར་ནགས་བཟོའི་ལས་འགན་མུའུ་ཁྲི ༣༩.༧ ལེགས་སྒྲུབ་བྱེད་རྩིས་ཡོད་པར་མ་དངུལ་སྒོར་དུང་ཕྱུར ༣.༦ གཏོང་རྒྱུ་དང་།  ད་བར་ནགས་བཟོའི་ལས་འགན་མུའུ་ཁྲི ༢༥.༧ ལེགས་སྒྲུབ་ཟིན་ཡོད།

སྤྱི་ལོ ༢༠༡༦ ལོར་རྒྱལ་ཁབ་ཀྱི་སྐྱེད་ཚལ་གྲོང་ཁྱེར་གཏོད་ཚུན།  སྤྱི་ལོ ༢༠༡༩ ལོའི་ལོ་མཇུག་བར་གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་ཁྱེར་སྔོ་འགྱུར་ཐད་ཁྱོན་མ་དངུལ་སྒོར་དུང་ཕྱུར ༧.༣ བཏང་ནས།  ལམ་དུམ་བུ ༣༥ སྔོ་འགྱུར་བྱས་པ་དང་གསབ་འདེབས་གསབ་འཛུགས་བྱས་ཏེ་ཐང་ཆེན་སྤྱི་གླིང་ ༡༢ བསྐྲུན་ཡོད།  ད་བར་གྲོང་ཁུལ་སྔོ་ཁེབས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ་ཁྲི ༢༧༤.༤ ཟིན་པ་དང་།  གྲོང་ཁྱེར་སྔོ་ཁེབས་སྤྱི་གླིང་གི་རྒྱ་ཁྱོན་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ་ཁྲི ༡༧༧.༣ ཟིན་ཡོད།

ལོ་ལྔ་ཚན་བཅུ་གསུམ་པའི་ཚུན་དུ།  གཞིས་རྩེ་གྲོང་ཁྱེར་གྱིས་ཡུལ་བབ་དང་བསྟུན་ནས་ནུས་ཤུགས་ཡོད་རྒུས་བསམ་གྲུབ་རྩེ་ཆུས་ཀྱི་སྦྱར་པ་དང་རྣམ་གླིང་རྫོང་གི་འོམ་བུ་ལོ་ཕྲ་ཅན།  རྒྱལ་རྩེའི་གླ་ཚེར་བཅས་རྒྱ་ཁྱོན་མུའུ་ཁྲི་ཁ་ལོན་པའི་སྡོང་ཕྲུག་ར་བ་གསུམ་བསྐྲུན་པ་དང་།  ཁྱོན་མ་དངུལ་སྒོར་དྲུང་ཕྱུར ༦.༣ བཏང་ཡོད།  ད་བར་མུའུ་ཁྲི ༡.༧ བསྐྲུན་ཟིན་པ་དང་མང་ཚོགས ༣༥༠༠ ཡི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་སྟེ་འབབ་འཕར་སྒོར་དུང་ཕྱུར ༢.༣ ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད།

ལོ་ལྔ་ཚན་བཅུ་གསུམ་པའི་རིང་།  གཞིས་རྩེ་གྲོང་ཁྱེར་གྱིས་སྲུང་སྐྱོང་ཁུལ་གྱི་འཛུགས་སྐྲུན་རྣམ་གྲངས ༡༣ ལག་བསྟར་བྱས་པར་ཁྱོན་མ་དངུལ་སྒོར་ཁྲི ༩༢༧༩.༩ བཏང་བ་དང་།  འདམ་རའི་རིགས་ཀྱི་རྣམ་གྲངས་མ་དངུལ་སྒོར་ཁྲི ༤༩༢༨ བཏང་ཡོད་པ་དང་།  ད་ལོ་ཇོ་རིའི་སྲུང་སྐྱོང་ཁུལ་གྱི་ཞིང་འབྲོག་པའི་ཆེད་ལས་བདག་སྐྱོང་རུ་ཁག་བཙུགས་ནས་སྦྱོང་བརྡར་སྤྲད་པ་དང་།  ཁྱོན་མ་དངུལ་སྒོར་ཁྲི ༣༩༥.༥ བཏང་ཞིང་དོ་དམ་ས་ཚིགས ༡༩ ལ་སྒྲིག་བཀོད་བཀོད་སྒྲིག་ཟིན་ཡོད།

ལོ་ལྔ་ཚན་བཅུ་གསུམ་པའི་རིང་།  གཞིས་རྩེ་གྲོང་ཁྱེར་གྱིས་ཁྱོན་ནགས་ས་བསྡུ་ལེན་དང་བཟུང་སྤྱོད་ཀྱི་ཞིབ་བཤེར་འགྲོ་ལུགས ༡༨༠ གཉེར་བ་དང་།  ནགས་སའི་རྒྱ་ཁྱོན་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ་ཁྲི ༡༧༩༡.༥ དང་འབྲེལ་བ་ཡོད།  གྲོང་ཁྱེར་དེ་ཡོངས་ཀྱི་ད་ཡོད་ཀྱི་སྤྱི་ཕན་ནགས་གླིང་གི་རྒྱ་ཁྱོན་མུའུ་ཁྲི ༡༧༨༦.༡ ཟིན་པ་དང་སྤྱི་ཕན་ནགས་གླིང་གི་བདག་སྐྱོང་པ་ཁྲི ༣.༤ ཡོད་པ་དང་།  རྣམ་གྲངས་དེ་ལག་བསྟར་བྱས་པ་བརྒྱུད་ལོ་ལྟར་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་སྒོར་ཁྲི ༩༤༠༠ ལྷག་ཙམ་ཡོང་རྒྱུར་སྐུལ་ཁྲིད་ཐུབ་པ་དང་ཆབས་ཅིག  རང་བྱུང་རྩྭ་རའི་སྐྱས་སྤོས་རྩྭ་གསོའི་ལས་གཞི ༣༩ ལག་བསྟར་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར ༥.༩ བཏང་བ་དང་།  ནགས་སྦོལ་ཞིང་ཁ་ནགས་སུ་བསྒྱུར་བ་དང་རྩྭ་སྦོལ་ཞིང་ཁ་རྩྭ་རར་བསྒྱུར་བའི་ལས་གཞི ༡༢ ལག་བསྟར་བྱས་པར་ཁྱོན་མ་དངུལ་སྒོར་ཁྲི ༤༥༨༤.༣ བཏང་ཞིང་།  རྩྭ་ར་མུའུ་ཁྲི ༧.༦ སྐྱས་སྤོས་རྩྭ་གསོ་ཐུབ་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]