སྨན་བཅོས་བོད་སྐྱོར་བརྒྱུད་རང་ལྗོངས་ཀྱི་སྨན་བཅོས་བྱ་གཞག་གོང་འཕེལ་ཤུཌ་ཆེ་ཕྱིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་ལས་དོན་སྤེལ་ནས་ལོ་ལྔ་སོང་རིང་།  ཁྱོན་སྨན་བཅོས་ཤེས་ལྡན་པ ༨༤༡ བོད་དུ་ཡོང་ནས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་གྲོང་ཁྱེར༼ས་ཁུལ༽བདུན་གྱི་མི་དམངས་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱས་ཏེ།  སྨན་བཅོས་དཔུང་ཁག ༧༢༡ དང་ས་ཆ་དེ་གའི་སྨན་དོན་མི་སྣ ༢༠༠༠ ལྷག་ཙམ་ལ་རོགས་ཁྲིད་དང་སྨན་བཅོས་རྐང་འཛིན་པ ༤༠༠༠ ཙམ་གསོ་སྐྱོང་བྱས་པས།  རོགས་སྐྱོར་བྱེད་ཡུལ་སྨན་ཁང་གི་སྨན་པ ༡༩༢ ཀྱིས་རང་ཚུགས་ངང་བཤགས་བཅོས་གསར་པ་གཅིག་རྗེས་གཉིས་མཐུད་ངང་བྱེད་ཐུབ་པ་བྱུང་བ་དང་།  རང་སྐྱོང་ལྗོངས་སྨན་ཁང་ནས་ནད་གཞི་ལྕི་རིགས ༣༧༡ སྨན་བཅོས་ཐུབ་པ་དང་།  གྲོང་ཁྱེར༼ས་ཁུལ༽སྨན་ཁང་ནས་ནད་ཚབས་འབྲིང་བའི་རིགས ༢༣༧༣ སྨན་བཅོས་ཐུབ་པ།  རྫོང་རིམ་པའི་སྨན་ཁང་ནས་རྒྱུན་མཐོང་ནད་གཞི་ཆུང་གྲས་ཁག་ཅིག་སྨན་བཅོས་ཐུབ་པ་བཅས་བྱུང་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]