རང་ལྗོངས་ཀྱི་སྨན་བཅོས་འགན་ལེན་གྱི་སྤྱི་ཚོགས་ལྟ་སྐུལ་བ་ཁག་དང་པོ་ལས་གནས་སུ་དངོས་སུ་བསྐྱོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོས་འཕྲིན་དྲ།      སྤེལ་དུས།   2020-09-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་ཆར།  རང་སྐྱོང་ལྗོངས་སྨན་བཅོས་འགན་ལེན་ཅུས་ཀྱིས་སྒྲིག་འཛུགས་བྱས་ནས་སྤེལ་བའི་སྨན་བཅོས་འགན་ལེན་གྱི་སྤྱི་ཚོགས་ལྟ་སྐུལ་བའི་གསོ་སྦྱོང་འཛིན་གྲྭ་དང་གདན་ཞུའི་ཡི་གེ་སྤྲོད་པའི་མཛད་སྒོ་འཚོགས་པ་ལས།  རང་ལྗོངས་ཀྱི་སྨན་བཅོས་འགན་ལེན་གྱི་སྤྱི་ཚོགས་ལྟ་སྐུལ་རུ་ཁག་དང་པོའི་ལྟ་སྐུལ་བ ༣༧ ལས་གནས་སུ་དངོས་སུ་བསྐྱོད་པ་མཚོན་ཡོད།

ས་རྟོགས་བྱུང་བར་གཞིགས་ན།  སྨན་བཅོས་འགན་ལེན་གྱི་སྤྱི་ཚོགས་ལྟ་སྐུལ་བ་ཁག་དང་པོ་ནི་རང་ལྗོངས་ཀྱི་ལས་རིགས་ཁག་གི་སྤྱི་ཕན་བྱ་གཞག་ལ་དགའ་ཞེན་བྱེད་མཁན་དང་།  སྨན་བཅོས་འགན་བཅོལ་བྱ་གཞག་གི་འཕེལ་རྒྱས་ལ་དོ་ཁུར་བྱེད་མཁན།  སྤྱི་ཚོགས་སུ་ཤུགས་རྐྱེན་ངེས་ཅན་ལྡན་མཁན་དང་སྤྱི་མོས་ཐོབ་ཚད་ཆེ་བ་བཅས་ལས་གྲུབ་པ་ཞིག་རེད།  ལྟ་སྐུལ་བའི་འགན་འཁྲི་གཙོ་བོ་ནི་སྨན་བཅོས་འགན་བཅོལ་གྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་།  སྲིད་ཇུས་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བ་དང་།  གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་དང་།  གནས་གཏན་འཁེལ་གྱི་སྨན་སིལ་ཚོང་ཁང་།  ཚོང་ལས་འགན་བཅོལ་གྱིས་གཉེར་བའི་སྒྲིག་གཞི།  སྨན་བཅོས་འགན་བཅོལ་གྱི་སྒྲུབ་གཉེར་སྒྲིག་གཞི་སོགས་ཚུད་པའི་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་སྤྱོད་མཁན་ལ་ལྟ་སྐུལ་དང་།  སྨན་བཅོས་འགན་བཅོལ་གྱི་ཐེབས་རྩའི་ལྟ་འདོམས་ལ་གནས་པའི་གནད་དོན་དང་།  བསམ་འཆར།  གྲོས་འགོ་འདོན་པ་སོགས་ཚུད་ཡོད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]