རང་ལྗོངས་ཀྱིས་ཡུལ་སྐོར་ལས་རིགས་ཚད་གཞི་ཅན་དུ་བསྐྲུན་རྒྱུར་སྐུལ་འདེད་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་།  གསར་འགོད་པས་ལྗོངས་ཡོངས་ཀྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་ཚད་གཞི་ཅན་དུ་བསྐྲུན་པའི་ས་གནས་ས་ཐོག་གི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན།  རང་ལྗོངས་ཀྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་ཚད་གཞི་ཅན་དུ་བསྐྲུན་རྒྱུ་དེ་ཚོད་ལྟའི་ཁུལ་ནས་ལྗོངས་ཡོངས་སུ་སྔར་བས་རྒྱ་སྐྱེད་བཏང་སྟེ།  ལྗོངས་ཡོངས་ཀྱི་ཡུལ་སྐོར་སྤུས་ལེགས་གོང་འཕེལ་ཡོང་བ་བྱེད་རྒྱུ་རེད།
ཐེངས་འདིའི་ས་གནས་ས་ཐོག་གི་ཚོགས་འདུ་ཉིང་ཁྲི་གྲོང་ཁྱེར་དུ་འཚོགས་པ་དང་།  རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ལས་དོན་པས་ཕན་ཚུན་སྤེལ་རེས་སློབ་སྦྱོང་བྱས་པ་མ་ཟད་ཉིང་ཁྲི་གྲོང་ཁྱེར་གྱི་དམངས་སྲོལ་མགྲོན་ཁང་ལེགས་གྲས་དང་བློ་རིག་ཞབས་ཞུ།  འགྲིམ་འགྲུལ་ཟོག་འདྲེན།  སྐྱེ་ཁམས་གསང་སྤྱོད་འཛུགས་སྐྲུན་སོགས་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་ཚད་གཞི་ཅན་དུ་བསྐྲུན་ཚུལ་ཐད་ཀྱང་རྟོག་ཞིབ་གནང་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན།  དེང་སྐབས་ཡུལ་སྐོར་ལས་རིགས་ཀྱིས་ལྗོངས་ཡོངས་ཀྱི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་ཐད་ལེགས་སྐྱེས་ཕུལ་ཚད་བརྒྱ་ཆ ༣༥ ཡས་མས་ཟིན་ནས།  མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་དབུལ་གྲོལ་འགག་སྒྲོལ་གྱི་དམིགས་ཚད་སྒྲུབ་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།  རང་ལྗོངས་ཀྱིས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་ཚད་གཞི་ཅན་དུ་བསྐྲུན་རྒྱུའི་ཐད་རྣམ་གྲངས་དང་མ་དངུལ་ཐད་ནས་རྒྱབ་སྐྱོར་དེ་བས་ཆེ་བ་བྱ་རྒྱུ་དང་།  མི་སྣའི་སྦྱོང་བརྡར་དང་ཤེས་ལྡན་པ་ནང་འདྲེན།  ཤེས་ལྡན་པའི་བོད་སྐྱོར་བཅས་ལ་བརྟེན་ནས་ཡུལ་སྐོར་ལས་དོན་པའི་ལས་རིགས་བྱང་ཚད་མཐོ་རུ་བཏང་སྟེ།  རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཚོར་རྒྱལ་སྤྱི་ཅན་དང་ཕྱོགས་ཡོངས།  སྤུས་ལེགས་བཅས་ཀྱི་ཞབས་ཞུ་སྒྲུབ་རྒྱུ་རེད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]