རང་ལྗོངས་སུ་ནས་ཀྱི་ཐོན་ལས་ཅན་ཞིབ་འཇུག་རྣམ་གྲངས་ལ་གཡུར་ཟའི་གྲུབ་འབྲས་ཐོབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོའི་ཚུན་དུ།  རང་ལྗོངས་སུ་ནས་ཐོན་ལས་ཅན་གྱི་འགག་རྩའི་ལག་རྩལ་ཞིབ་འཇུག་རྣམ་གྲངས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས།  འབྲེལ་ཡོད་རིག་གཞུང་དང་ལག་རྩལ་ཞིབ་འཇུག་གི་རྣམ་གྲངས་བརྒྱད་གསར་སྣོན་བྱས་པ་དང་།  ནས་ཀྱི་ཁྱད་ལྡན་བཟའ་བཅའི་རིགས ༦༠ ལྷག་ཙམ་གསར་སྤེལ་བྱས་པ།  ཁེ་ལས་ཀྱི་ཐོན་སྐྱེད་ལག་རྩལ་ཚད་གཞི ༡ བཟོས་པ་བཅས་བྱས་པས།  ནས་ཀྱི་ཐོན་རྫས་ཕུན་སུམ་ཚོགས་སུ་ཕྱིན་ཏེ་རིན་ཐང་འཕར་བ་དང་།  ཁེ་ལས་ལ་ལག་རྩལ་གྱི་ཞབས་ཞུ་བྱེད་ཤུགས་ཆེ་རུ་ཕྱིན་པ།  རང་ལྗོངས་སུ་ནས་ཀྱི་ཐོན་ལས་གོང་འཕེལ་ཡོང་རྒྱུར་སྐུལ་མ་ཤུགས་ཆེ་ཐེབས་པ་བཅས་བྱུང་ཡོད།  
ཤེས་རྟོགས་བྱུང་བར་གཞིགས་ན།  རང་ལྗོངས་ཀྱིས་ནས་ལས་སྣོན་ལས་རིགས་གོང་འཕེལ་གཏོང་བའི་བརྒྱུད་རིམ་ནང་ཆེད་སྤྱོད་ཐོན་རྫས་ལས་སྣོན་གྱི་སྤུས་ཚད་དབྱེ་ཞིབ་བྱས་ཏེ།  ནས་ཀྱི་སྲོལ་རྒྱུན་བཟའ་བཅའི་རིགས་རྐྱང་པ་ཡིན་པ་དང་།  སྤུས་ཚད་འགན་ལེན་གྱི་དུས་ཡུན་ཐུང་བ།  ཟུར་བསྣན་རིན་ཐང་དམའ་བ།  ཐོན་ལས་འཁོར་སྦྲེལ་ཐུང་བ་སོགས་ཀྱི་གཅུར་བཀག་གནད་དོན་སེལ་ཆེད།  རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་ཐིང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་ནས་ཐོན་ལས་ཅན་གྱི་འགག་རྩའི་ལག་རྩལ་ཞིབ་འཇུག་བྱས་པ་རེད།  
ཞིབ་འཇུག་རྣམ་གྲངས་དེས་ནས་ཀྱི་ཐོན་རྫས་ལས་སྣོན་བྱེད་རྒྱུར་འཚམས་པའི་རང་བཞིན་ལ་དམིགས་ཏེ།  ནས་ལས་སྣོན་ཀྱི་སྤུས་ཚད་ཀྱི་གྲངས་གཞིའི་མཛོད་བཙུགས་པ་དང་།  ནས་ཀྱི་སྲོལ་རྒྱུན་ཐོན་རྫས་ཀྱི་སྤུས་ཚད་ལེགས་སུ་གཏོང་བའི་འགག་རྩའི་ལག་རྩལ་ཞིབ་འཇུག་བྱས་པ།  བྲོ་བའི་ཐོག་ནས་སྲོལ་རྒྱུན་ཆང་གི་སྤུས་ཚད་མ་ལག་དང་རྩམ་པའི་སྤུས་རིམ་དབྱེ་བ་དང་།  བྲོ་བ་བརྟན་པོ་ཚོད་འཛིན་གྱི་ལག་རྩལ་གཏན་འཁེལ་བཅས་བྱས་ཡོད།
རྣམ་གྲངས་དེ་ལག་བསྟར་བྱས་ཚུན།  ཞིབ་འཇུག་གསར་སྤེལ་བྱས་པའི་ནས་ཀྱི་ཐོན་རྫས་དེ་ལྗོངས་ནང་ཁུལ་གྱི་འབྲེལ་ཡོད་ཁེ་ལས་ལ་ཁྱབ་གདལ་བཏང་བས།  ཁེ་ལས་ལ་དཔལ་འབྱོར་ཕན་འབྲས་ཆེན་པོ་ཐོན་ཡོད།  ཞིབ་བཟོའི་གྲུབ་འབྲས་དེ་སྤྱི་ལོ ༢༠༡༣ ལོའི་ཟླ ༡༢ པར་བོད་ལྗོངས་རྟ་ར་བ་ནས་ཆང་མ་རྐང་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱེད་འགོ་བཙུགས་ཚུན།  ཁྱོན་འབྲེལ་ཡོད་ཐོན་རྫས་ཀྲོན ༢༥༠༠ ཐོན་སྐྱེད་བྱས་པ་དང་ཁེ་སྤོགས་སྒོར་ཁྲི་ཚོ ༩༨༥ འཕར་ཡོད།
དེ་དང་ཆབས་ཅིག་ཞིང་པར་འབབ་འཕར་ཡོང་བ་བྱ་ཆེད་རྣམ་གྲངས་ཚོགས་ཆུང་གིས།  གཞིས་རྩེ་བསམ་གྲུབ་རྩེ་ཆུས་བདེ་ཆེན་ཉི་འོད་གཞིས་ཀ་ཚད་ཡོད་ཀུང་སི་དང་ལག་རྩལ་སྤེལ་རེས་གྲོས་མཐུན་བཞག་སྟེ་ཐུན་མོང་ཐོག་འཕུར་སའི་དཔལ་འབྱོར་ཞེས་པའི་དབུལ་སྐྱོར་རྣམ་པ་བཏོད་ཡོད།  བདེ་ཆེན་ཉི་འོད་གཞིས་ཀ་ཀུང་སིས་ས་ཆ་དེ་གའི་སྲིད་གཞུང་དང་མཉམ་ལས་བྱས་པ་བརྒྱུད།  སྤྱི་ལོ ༢༠༡༨ ལོར་དིང་རི་རྫོང་དང་ངམ་རིང་རྫོང་གཉིས་ལ་འཕུར་སའི་ཐོན་ལས་ཞེས་པའི་དབུལ་སྐྱོར་ཁེ་སྤོགས་སྒོར་ཁྲི་ཚོ ༤༠༠ སྤྲད་པ་དང་སྦྲགས།  ཀུང་སི་དེས་བཟོ་གྲྭ་དང་ས་གནས་མཉམ་ལས་ཀྱི་ལས་དོན་སྤེལ་སྟངས་ཁྱབ་གདལ་བཏང་སྟེ།  ས་ཆ་དེ་གའི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་ལ་ཆེད་ལས་ལག་རྩལ་སྦྱོང་བརྡར་སྤྲད་པ་མ་ཟད།  ལས་ཀ་བཀོད་སྒྲིག་བྱས་ནས་མི་རེར་ཟླ་རེར་ཡོང་འབབ་དམའ་ཤོས་སྒོར ༣༠༠༠ ལྷག་ཙམ་སྤྲོད་ཀྱི་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]