གནས་སྤོས་མང་ཚོགས་ཚོས་ལག་ཤེས་ལ་བརྟེན་ནས་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-24

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

མངའ་རིས་ས་ཁུལ་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་གྱི་བདེ་སྐྱིད་གྲོང་གསར་ནི་རྫོང་༼ཆུས༽ ༥ ཡི་གནས་སྤོས་དབུལ་སྐྱོར་དུད་ཚང་ལས་གྲུབ་པའི་གྲོང་ཚོ་ཞིག་ཡིན་པ་དང་།  ཁྱོན་དུད་ཚང་ ༧༡༤ ཡི་མི ༣༡༥༢ དེ་གར་འཚོ་སྡོད་བྱེད་བཞིན་ཡོད།  དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་བཏང་ནས་ཞིང་འབྲོག་མང་ཚོགས་རང་ས་རང་ཡུལ་དུ་ལས་ཞུགས་ཐུབ་རྒྱུར་སྟབས་བདེ་སྐྲུན་རྒྱུ་དང་ཡོང་འབབ་མང་དུ་གཏོང་ཆེད།  སྤྱི་ལོ ༢༠༡༧ ལོ་ནས་བཟུང་དེ་གར་གྱོན་ཆས་དང་ས་གདན་ལས་སྣོན་བཟོ་གྲྭ་བཙུགས་པ་དང་།  གནས་སྤོས་བྱས་རྗེས་ཀྱི་ཞིང་འབྲོག་མང་ཚོགས་ཚོར་རྩལ་ནུས་དེ་དག་ཁོང་དུ་ཆུད་པ་བྱས་པ་མ་ཟད་འཚོ་བའི་ཆ་རྐྱེན་ཡང་ལེགས་སུ་བཏང་ཡོད།
གྱོན་ཆས་ལས་སྣོན་འཁོར་ཁང་དུ་བསྐྱོད་སྐབས་གནས་སྤོས་མང་ཚོགས ༣༠ ལྷག་ཙམ་གྱིས་བྱང་ཆུབ་པོའི་ངང་འཚེམ་འཁོར་གྱིས་གྱོན་ཆས་འཚེམ་བཟོ་བྱེད་བཞིན་ཡོད།  དགེ་རྒྱས་རྫོང་ནས་སྤོས་ཡོང་བའི་སྲི་སྐྱིད་ནས།  ང་ས་ཚིགས་འདིར་སྤོས་ཏེ་བཟོ་གྲྭའི་ནང་སློབ་སྦྱོང་བྱས་ནས་ལོ་གཅིག་ལྷག་ཙམ་ཕྱིན་སོང་།  ད་ལྟ་ངས་བོད་ཆས་འཚེམ་བཟོ་ཐུབ་ཀྱི་ཡོད་ལ་ཡོང་འབབ་བརྟན་པོ་ཞིག་ཀྱང་ཡོང་གི་འདུག་ཅེས་བརྗོད།
སྒེར་རྩེ་རྫོང་སྒེར་རྩེ་གྲོང་རྡལ་ནས་སྤོས་ཡོང་བའི་གངས་འཛིན་གྱིས་ས་གདན་ལས་སྣོན་བཟོ་གྲྭར་རྩལ་ནུས་སློབ་སྦྱོང་ཐུབ་པ་དང་ལས་ཀ་དེ་ལ་ཡང་བློ་ཡིད་འཚིམ་པོ་ཡོད།  གངས་འཛིན་ནས་འདི་གའི་མ་མཐའི་གླ་ཕོགས་སྒོར ༡༢༠༠ ཡོད་པའི་ཁར་ས་གདན་ཀུང་ཁྲེ་གང་འཚེམ་བཟོ་བྱས་པར་སྒོར ༡༤༠ རེ་ཡོད།  ལག་རྩལ་དེ་བས་བྱང་ཆུབ་པ་ཆགས་རྗེས་ཡོང་འབབ་ཀྱང་དེ་བས་མང་དུ་འགྲོ་གི་རེད་ཅེས་བརྗོད།

བདེ་སྐྱིད་གྲོང་གསར་གྱི་གྱོན་ཆས་དང་ས་གདན་ལས་སྣོན་བཟོ་གྲྭར་སྲི་སྐྱིད་དང་གངས་འཛིན་གཉིས་དང་འདྲ་བའི་གནས་སྤོས་མང་ཚོགས་ད་དུང་ ༡༠༠ ལྷག་ཙམ་ཡོད།  ངོ་སྤྲོད་བྱས་པར་གཞིགས་ན།  དེང་སྐབས་ལས་སྣོན་བཟོ་གྲྭ་དེས་མངའ་རིས་ས་ཁུལ་གྱི་རྫོང་ ༧ གྱི་སློབ་གོས་དང་ཁྲ་ཡོལ།  ཁོར་ཡུག་འཕྲོད་བསྟེན་བཟོ་པའི་ལས་གོས་སོགས་བཟོ་བཞིན་ཡོད་པས།  ཁྱོན་ཡོང་འབབ་སྒོར་ཁྲི་ཚོ ༤༥༣ བྱུང་བ་དང་གླ་ཕོགས་སྒོར་ཁྲི་ཚོ ༡༩༢ སྤྲད་ཡོད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]