ཅང་ཅེ་ཡིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་འཚོགས་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཡིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་འཚོགས་གནང་ནས།  སྐྱིད་རོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་དང་གཙོ་གནད་ཚོད་ལྟའི་ཁུལ་གསར་སྤེལ་སྒོ་དབྱེའི་འབྲེལ་ཡོད་བྱ་བར་ཞིབ་འཇུག་གནང་བ་དང་།  དུས་སྒོའི་ལས་ཀའི་འཕེལ་རིམ་གནས་ཚུལ་གསན་པ་མ་ཟད་གྲབས་འཛུགས་རེ་ཞུ་སོགས་ཀྱི་ལས་དོན་བཀོད་སྒྲིག་གནང་བ་རེད།

ཅང་ཅེ་ནས་སྐྱིད་རོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་དང་གཙོ་གནད་ཚོད་ལྟའི་ཁུལ་གསར་སྤེལ་སྒོ་དབྱེའི་འཛུགས་སྐྲུན་ལས་ཀར་ཤུགས་སྣོན་རྒྱག་རྒྱུ་ནི།  རང་ལྗོངས་ཀྱིས་ཕྱི་ཕྱོགས་སྒོ་དབྱེ་དང་མཐའ་མཚམས་བརྟན་པོ་དང་མཐའ་མཚམས་ཡུན་རིང་སྲ་བརྟན།  མཐའ་དར།  མཐའ་ཕྱུག་བཅས་ཀྱི་བྱ་ཐབས་བཟུང་ཤུགས་ཆེ་རུ་གཏོང་བ་ཞིག་ཡིན་པས།  འབྲེལ་ཡོད་ཚན་པ་ཁག་དང་གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ཁབ་པུའུ་ཨུད་དང་འབྲེལ་མཐུད་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  འགན་འཁྲི་ནན་པོ་དཀྲི་བ།  སྐྱིད་རོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་གྱི་རེ་ཞུ་དང་གཙོ་གནད་ཚོད་ལྟའི་ཁུལ་གྱི་གསར་སྤེལ་སྒོ་དབྱེའི་འཆར་འགོད་ལེགས་བཅོས།  ཇུས་གཞི་བཟོ་སྒྲིག་སོགས་ཀྱི་ལས་དོན་གང་མགྱོགས་སྤེལ་ནས་ཁྱད་ལྡན་ཐོན་ལས་ལུགས་མཐུན་འཆར་འགོད་བྱས་ཏེ།  མཉམ་ལས་ཁུལ་གྱི་རྣམ་གྲངས་སྔ་ཙམ་དོན་འཁྱོལ་ཐུབ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]