ལོ་ལྔ་ཚན་བཅུ་གསུམ་པའི་ཚུན་དུ་རང་ལྗོངས་དགེ་རྒན་དཔུང་ཁག་གི་སྤྱིའི་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལོ་ལྔ་ཚན་བཅུ་གསུམ་པའི་ཚུན་དུ།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ནས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུ་དེ་རྨང་གཞིའི་རང་བཞིན་གྱི་ལས་གཞི་གལ་ཆེན་ཞིག་ཏུ་རྩིས་ནས།  བསྒྱུར་བཅོས་གཙོ་རྐང་དུ་འཛིན་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཐོག་དགེ་རྒན་ལ་བསམ་ཤེས་བྱེད་པ་དང་དོན་དངོས་སྒྲུབ་པ།  བྱ་བ་བཟང་པོ་སྒྲུབ་པ་བཅས་བྱས་པ་བརྒྱུད།  རང་ལྗོངས་ཀྱི་སློབ་གསོ་གོང་འཕེལ་དང་སྤྱིར་ན་འཚམས་ཐུབ་པའི་དགེ་རྒན་གྱི་དཔུང་ཁག་ཅིག་རིམ་བཞིན་གྲུབ་ཡོད་ལ་དཔུང་ཁག་དེའི་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་ཆེད་ལས་ཀྱི་གྲུབ་ཆ་མང་ཞིང་ཆུ་ཚད་ངེས་ཅན་ལྡན་ཡོད།  བསྡོམས་རྩིས་བརྒྱབ་པར་གཞིགས་ན།  སྤྱི་ལོ ༢༠༡༩ ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་ལས་ཐོག་དགེ་རྒན ༥༦༥༡༣ ཡོད་པ་དེ་སྤྱི་ལོ ༡༩༦༥ ལོ་ལས་མི་ཁྲི ༥ ལྷག་ཙམ་གྱིས་མང་བ་ཡོད་པ་དང་།  ན་གཞོན་དགེ་རྒན་གྱིས་གཙོ་བོ་བྱས་པའི་ཆེད་ལས་དགེ་རྒན ༥༡༩༠༣ ཡོད་ཅིང་།  ཡོན་ཚད་མཐོ་བའི་དགེ་རྒན་གྱི་བསྡུར་གྲངས་ཀྱང་ལོ་རེ་བཞིན་མང་དུ་འགྲོ་བགྱི་ཡོད།  
ཤེས་རྟོགས་བྱས་པར་གཞིགས་ན།  རང་ལྗོངས་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད།  རང་ལྗོངས་ཀྱིས་སྲིད་ཇུས་དང་ཡིག་ཆ་རབ་དང་རིམ་པ་བཏོན་ནས་དུས་རབས་གསར་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བསྒྱུར་བཅོས་ཀྱི་ལས་འགན་ཁག་ལ་སྐུལ་འདེད་བརྟན་པོ་གཏོང་ཐུབ་པ་བྱས་པ་རེད།  ད་ཆ་རང་ལྗོངས་ཀྱིས་རང་སྐྱོང་ལྗོངས་དང་གྲོང་ཁྱེར༼ས་ཁུལ༽  རྫོང་༼ཆུས༽  སློབ་གྲྭ་བཅས་རིམ་པ་བཞིའི་དགེ་རྒན་གྱི་དོ་དམ་སྒྲིག་གཞི་དང་ཅུང་འཐུས་སྒོ་ཚང་བའི་སྲིད་ཇུས་མ་ལག་བཙུགས་ཡོད་པ་དེ།  དགེ་རྒན་གསོ་སྐྱོང་དང་ལས་ཞུགས།  ལས་བགོས།  སློབ་སྦྱོང༌།  སྐོང་འཐེན།  རིམ་སྤོར།  རྒན་ཡོལ།  ཐོབ་ཆ།  སྤྱོད་ཚུལ།  གདེང་འཇོག་སོགས་ལ་ཁྱབ་ནས་དགེ་རྒན་དཔུང་ཁག་སྟོབས་ཆེར་གཏོང་ཆེད་རྨང་གཞི་བརྟན་པོ་བཏིངས་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]