དཀའ་སྤྱད་འབད་འཐབ་བྱས་ནས་སྤུས་ལེགས་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

མི་དམངས་ཉིན་རེའི་ཚགས་པར་ཐོག  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ཀྱི་དྲི་ལན་དང་པོ་སྟེ།  དཀའ་སྤྱད་འབད་འཐབ་བྱས་ནས་སྤུས་ལེགས་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་ཞེས་པའི་རྩོམ་ཡིག་སྤེལ་བ་རེད།

རྩོམ་ཡིག་ནང༌།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་ལོ་ལྔ་ཚན་བཅུ་གསུམ་པའི་རིང་གི་གོང་འཕེལ་བརྒྱུད་རང་རྒྱལ་གྱི་དཔལ་འབྱོར་དང་ཚན་རྩལ།  ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་ཅེས་གསུངས་ཡོད།  སྤྱི་ལོ ༢༠༡༩ ལོ་འཁོར་མོའི་དཔལ་འབྱོར་སྤྱི་འབོར་སྒོར་དུང་ཕྱུར ༡༠༠ ལས་བརྒལ་བ་དང་ཆ་སྙོམས་མི་རེའི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་ཐོན་ཚད་རིན་ཐང་སྒོར ༡༠༠༠༠ ལས་བརྒལ་བ།  ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་གཏོང་ཚད་འཛམ་གླིང་གི་ཨང་གཉིས་པ་དང་ཞིབ་འཇུག་གསར་སྤེལ་བྱེད་མཁན་མི་འབོར་དང་གསར་སྤེལ་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་པ།  གྲོང་ཁྱེར་དང་གྲོང་རྡལ་དུ་གསར་དུ་ལས་ཞུགས་ཐུབ་ཚད་མི་གྲངས་ཁྲི་ཚོ ༦༠༠༠ ཟིན་པ་བཅས་བྱུང་ནས།  ལོ་ངོ་སྟོང་ཕྲག་དུ་མར་ཐག་གཅོད་མ་ཐུབ་པའི་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད་ཅེས་འཁོད་ཡོད།

རྩོམ་ཡིག་ནང༌།  སྤྱི་ལོ ༢༠༡༩ ལོའི་རང་རྒྱལ་གྱི་འཛད་སྤྱོད་གཏོང་སྒོས་དཔལ་འབྱོར་འཕར་སྣོན་ལ་ལེགས་སྐྱེས་ཕུལ་ཚད་བརྒྱ་ཆ ༥༧.༨ ཟིན་པ་དང༌།  ཞབས་ཞུའི་ལས་རིགས་ཀྱི་འཕར་སྣོན་རིན་ཐང་གིས་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་ཐོན་ཚད་རིན་ཐང་གི་བརྒྱ་ཆ ༥༣.༩ ཟིན་པ།  ཐོན་ལས་གསར་པ་དང་ལས་རྣམ་གསར་པ།  ཚོང་ལས་གསར་པ་བཅས་ཀྱི་དཔལ་འབྱོར་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་ཁྲི་ཚོ ༡༦ ལས་བརྒལ་བ།  རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར ༣༣༧ གྱི་མཁའ་རླུང་སྤུས་ཚད་བརྒྱ་ཆ ༨༢ ཟིན་པ་བཅས་བྱུང་ཡོད།  ལོ་ལྔའི་རིང་ང་ཚོས་དཔལ་འབྱོར་གོང་འཕེལ་གྱི་སྤུས་ཚད་འགྱུར་ལྡོག་དང་ལས་ཆོད་འགྱུར་ལྡོག  སྒུལ་ཤུགས་འགྱུར་ལྡོག་བཅས་ལ་སྐུལ་འདེད་ཤུགས་ཆེ་བཏང་ནས་གོང་འཕེལ་གྱི་དཀའ་གནད་སེལ་བ་དང༌།  གོང་འཕེལ་གྱི་ལེགས་ཆ་བཏོད་པས་གོང་འཕེལ་གཏོང་སྟངས་འགྱུར་བ་དང༌།  དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག  འཕར་སྣོན་སྒུལ་ཤུགས་འགྱུར་ལྡོག་བཅས་ཐད་འགལ་སྒྲོལ་གལ་ཆེན་བྱུང་ཡོད།

རྩོམ་ཡིག་ནང༌།  གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་ནད་ཡམས་ཀྱིས་ང་ཚོའི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་དང་ལོ་འགོར་གཏན་འཁེལ་ཟིན་པའི་ལོ་འཁོར་མོའི་དམིགས་ཚད་སྒྲུབ་རྒྱུར་འགྲན་སློང་གསར་པ་སྤྲད་ཡོད།  ད་ལོའི་སྤྱི་ཟླ ༤ པ་ནས་བཟུང༌རང་རྒྱལ་གྱི་ཕྱིར་གཏོང་ཐད་ཟླ ༦ བསྟུད་དེ་འཕར་སྣོན་བྱུང་བ་དང༌།  ལོ་སྟོད་དུ་བཟོ་སྐྲུན་ལས་རིགས་དང་ལག་རྩལ་ཞབས་ཞུའི་ལས་རིགས་ཀྱི་མ་འཇོག་ཁག་སོ་སོར་བརྒྱ་ཆ ༥.༨ དང་བརྒྱ་ཆ ༧.༢ འཕར་ནས།  དཔལ་འབྱོར་གསར་པ་གོང་འཕེལ་མགྱོགས་པོ་བྱུང་ཞིང་སྒུལ་ནུས་འགྱུར་ལྡོག་གི་རྣམ་པ་བཟང་པོ་ཐོན་པ་དང༌།  གོང་གི་དུས་ཚིགས་གསུམ་ནང་རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་ཐོན་ཚད་རིན་ཐང་དུས་མཚུངས་པ་ལས་བརྒྱ་ཆ ༠.༧ འཕར་བ་བཅས་བྱུང་ཡོད་པས།  རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་ད་ལོ་ཀྲུང་གོ་འདི་ཉིད་འཛམ་གླིང་གི་གཙོ་བོའི་དཔལ་འབྱོར་ཚོགས་པའི་ནང་འཕར་སྣོན་བྱུང་བའི་རྒྱལ་ཁབ་འབའ་ཞིག་དེར་འགྱུར་རྒྱུའི་སྔོན་དཔག་བྱས་ཡོད་ཅེས་འཁོད་ཡོད།

རྩོམ་ཡིག་ནང༌།  ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ང་ཚོས་རང་རྒྱལ་འདི་ཉིད་གོང་འཕེལ་གསར་པའི་དུས་མཚམས་སུ་སླེབས་པའི་སྤྱི་ཡོངས་ནས་འགོ་བཙུགས་ཏེ།  གོང་འཕེལ་གྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱས་ཏེ་སྤུས་ལེགས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་དང་གོང་འཕེལ་གྱི་བཀོད་ཁྱབ་གསར་པ་གཏོད་རྒྱུར་དམིགས་ནས།  སྔར་བས་འབད་འཐབ་དང་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་ཐོག་ནས་དུས་བསྟུན་ཡར་བརྩོན་ངང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་གཏོད་པའི་རྒྱང་སྐྱོད་གསར་པ་འགོ་བཙུགས་ནས།  ལོ་བརྒྱའི་འབད་འཐབ་དམིགས་ཚད་གཉིས་པ་སྒྲུབ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་འཁོད་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]